ཉེ་ཆར། འགག་སྒོ་ལས་ཁུངས་སྤྱི་ཁྱབ་ཧྲུའུ་ཡིས་ཟླ་བརྒྱད་པའི་ཕྱི་ཕྱོགས་ཚོང་དོན་གྲངས་གཞི་ཁྱབ་བསྒྲགས་བྱས་པ་ལྟར་ན། རང་རྒྱལ་གྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་ཁྲི་3.87ཟིན་པ་དེ་དུས་མཚུངས་ལས་3.5%འཕར་བའི་ནང་། ཕྱིར་གཏོང་སྒོར་དུང་ཕྱུར་ཁྲི་2.3དང་ནང་འདྲེན་སྒོར་དུང་ཕྱུར་ཁྲི་1.57ཟིན་པ་དེ་དུས་མཚུངས་ལས་4.8%དང་1.7%སོ་སོར་འཕར་ཏེ། ཟླ་གསུམ་བསྟུད་མར་གཉིས་འཕར་བྱུང་ཡོད། འདི་ནི་ཅང་སུའུ་ཞིང་ཆེན་གྲུ་ཁ་ཚོགས་པའི་ནན་ཅིང་གྲུ་ཁའི་ལུང་ཐན་གྲུ་ཁའི་ཁུལ་ཡིན་པ།