03

2025ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་པེ་ཅིང་དུ་འཚོགས་པ། ཞབས་ཞུའི་ཚོང་འདུས་ཀྱི་གོ་སྐབས་མཉམ་སྤྱོད་ཀྱིས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བ། 2025年09月16日

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧོའུ་ཅུན་གྱིས་པར་བླངས།

ཉིན་ཤས་གོང་། 2025ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་པེ་ཅིང་དུ་འགོ་ཚུགས་པ་རེད། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུཌ་80ལྷག་ཙམ་གྱིས་ཁྱད་ལྡན་འགྲེམས་རྫས་ཁྱེར་ནས་འགྲེམས་སྟོན་འདུ་ཚོགས་གཉེར་བ་དང་། འཛམ་གླིང་གི་ཁེ་ལས་རབ་500ཡི་གྲས་སུ་གཏོགས་པའི་ཁེ་ལས་500ལ་ཉེ་བས་རྒྱལ་སྤྱིའི་ལས་རིགས་སྣེ་འདྲེན་ཁེ་ལས་དང་མཉམ་དུ་གླེང་སྟེཌ་དང་གྲོས་མོལ་བྱེད་སྒོ་170ལྷག་ཙམ་གཅིག་རྗེས་གཉིས་མཐུད་ངང་གཉེར་ནས་ཐོན་རྫས་གསར་པ་དང་གྲུབ་འབྲས་གསར་པ་190ལྷག་ཙམ“ཐེངས་དང་པོར་འགྲེམས་སྟོན”བྱས་ཡོད། ཞབས་ཞུའི་ཚོང་དོན་ཚོང་འདུས་བདེ་བླག་ངང་གཉེར་བ་ལས་ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ་དང་ཞབས་ཞུའི་ཚོང་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་མངོན་ཡོད།

སྐབས་དང་པོ་གཉེར་དུས་ཀྱི་འགྲེམས་ཁུལ་སྨི་ངོས་གྲུ་ཁྲི་5ནས་ད་ལྟ་སྤྱི་ལེ་ངོས་གྲུ་3ཡོད་པའི“གྲོང་ཁྱེར་གྱི་ཤོམ་ར”ཡི་བར། ལོ་13ཙམ་གཉེར་བའི་ཞབས་ཞུའི་ཚོང་དོན་ཚོང་འདུས་ནི་ལས་རིགས་ཀྱི་འགྲེམས་སྟོན་སྟབས་བདེ་ཞིག་མིན་པར། དེ་གོ་ལ་ཧྲིལ་པོས་ཞབས་ཞུའི་ཚོང་དོན་གྱི་གོ་སྐབས་མཉམ་སྤྱོད་དང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི“གར་སྟེགས་ཆེ་མོ”ཞིག་ཏུ་གྱུར་ཡོད་པ་རེད།

⇐ འདི་ནི་ལྟད་མོ་བས་ལུས་རྩལ་ཞབས་ཞུའི་ཆེད་དོན་འགྲེམས་སྟོན་ཐོག ཀྲུང་གོའི་གནའ་བོའི་སྲོལ་རྒྱུན་ལུས་རྩལ་སྤོ་ལོ་དབྱུག་རྩལ་ཉམས་ལེན་བྱེད་བཞིན་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཅང་ཡུས་ཧྲི་ཡིས་པར་བླངས།

⇒ འདི་ནི་ཞབས་ཞུའི་ཚོང་དོན་ཚོང་འདུས་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་གྱི་འགྲེམས་ཁང་ཕྱི་རོལ་གྱི་ཡུལ་ལྗོངས་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧོའུ་ཅུན་གྱིས་པར་བླངས།

⇑ འདི་ནི་ཚོགས་ཞུགས་མི་སྣས་ཕའོ་ཕའོ་མ་ཐེ་འགྲེམས་སྟེགས་སུ་LABUBUརྩེད་ཆས་དང་མཉམ་པར་རྒྱག་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧོའུ་ཅུན་གྱིས་པར་བླངས།

⇑ ཞབས་ཞུའི་ཚོང་དོན་ཚོང་འདུས་སྐབས། པེ་ཅིང་རྒྱལ་སའི་ལྕགས་དང་ངར་ལྕགས་གླིང་གི་ནུབ་ངོས་ཀྱི་ཡུང་ཏིང་གཙང་འགྲམ་དུ“ཡུང་ཏིང་གཙང་པོའི་ཚོང་འདུས——འཚོ་བའི་སྒོ་མོ་འབྱེད”པའི་བྱེད་སྒོ་གཉེར་བཞིན་པ། འདི་ནི་རོལ་ཚོགས་ཀྱི་གཞས་པས་བྱེད་སྒོའི་ཁྲོད་འཁྲབ་སྟོན་བྱེད་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧྲི་ཧྥུང་གིས་པར་བླངས།

⇑ འདི་ནི་ལྟ་སྐོར་བས་ལུས་རྩལ་ཞབས་ཞུའི་ཆེད་དོན་འགྲེམས་ཁུལ་དུ་VRསྤོ་ལོ་འཕེན་སྟངས་ཉམས་ལེན་བྱེད་བཞིན་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཅང་ཡུས་ཧྲི་ཡིས་པར་བླངས།

⇓ འདི་ནི་ལྟ་སྐོར་བས་འཕྲུལ་མི་དང་རང་མོས་འཐབ་རྩལ་ཉམས་ལེན་བྱེད་བཞིན་པ།

ཝུང་ཆི་ཡུས་ཀྱིས་པར་བླངས(མི་དམངས་ཀྱི་མཐོང་ཚོར)

⇑ འདི་ནི་ལྟ་སྐོར་བས་ཞབས་ཞུའི་ཚོང་དོན་ཚོང་འདུས་སུ་ཁ་སྒྱུར་འདྲ་བཟོའི་ཡོ་ཆས་ཉམས་ལེན་བྱེད་བཞིན་པ།

ཐང་ཁེས་པར་བླངས(མི་དམངས་ཀྱི་མཐོང་ཚོར)

⇑ འདི་ནི་ལྟ་སྐོར་བས་གཙོ་མགྲོན་ཞིང་ཆེན་ཨན་ཧུའེ་ཞིང་ཆེན་གྱི་འགྲེམས་སྟེགས་སུ་ཁ་ལོ་བ་མེད་པའི་མི་ཞུགས་གློག་སྒུལ་གྱི་ཐད་ཀར་འབབ་འཕུར་མཁའ་འགྲུལ་ཡོ་ཆས་ཉམས་ལེན་བྱེད་བཞིན་པ།

⇐ འདི་ནི་ལྟད་མོ་བས་ཨོ་སི་ཁྲུ་ལི་ཡའི་འགྲེམས་ཁང་དུ་དཀར་ཆུའི་ཐོན་རྫས་ལ་ཤེས་རྟོགས་བྱེད་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཞུས་ཆིན་གྱིས་པར་བླངས།