ཉིན་ཤས་གོང་། རྒྱལ་ཡོངས་ཚན་རིག་ཁྱབ་གདལ་ཟླ་བའི་སྤེལ་ཡུལ་གཙོ་བོའི་བྱེད་སྒོ་རྒྱལ་ཁབ་ཚན་རྩལ་ཁྱབ་སྤེལ་ལྟེ་གནས་དང་ཀྲུང་གོ་ཚན་རྩལ་ཁང་དུ་འགོ་ཚུགས་ཤིང་། “ཀྲུང་གོ་གསར་པའི་ཚན་རིག་ཁྱབ་གདལ་གྱི་གྲུབ་འབྲས་འགྲེམས་སྟོན”དང་། “རི་འགོག་དམག་འཁྲུག་ཁྲོད་ཀྱི་ཀྲུང་གོའི་ཚན་རིག་པ། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ཆེད་དོན་འགྲེམས་སྟོན” “‘ཚན་རྩལ་གསར་གཏོད་ཀྱིས་རྨང་གཞི་བརྟན་དུ་གཏོང་། ཚན་རིག་ཁྱབ་གདལ་གྱིས་དམངས་ལ་ཕན་པ་འདོགས’ཞེས་པའི་གསར་གཏོད་གྲུབ་འབྲས་འགྲེམས་སྟོན”སོགས་བརྗོད་དོན་གཙོ་བོའི་འགྲེམས་སྟོན་དང་ཁྱད་ལྡན་བྱེད་སྒོ་བརྒྱ་ལྷག་ཙམ་འདུས་ཡོད།
འདི་ནི་ཟླ་9ཚེས་5ཉིན་ལྟ་སྐོར་བས་ཀྲུང་གོ་ཚན་རྩལ་ཁང་དུ་སྡུད་འཛིན་4Dཔར་འདེབས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།