འདི་ནི་ཝང་ཀྲི་ཝེ་ཡིན་པ།
“ང་ཚོས་བཏང་བ་ནི་སྔོན་བྱོན་མེས་པོ་གྲངས་ལས་འདས་པས་དཔའ་ངར་ཆེན་པོས་དམག་འཐབ་བྱས་པའི་ལོ་ཟླ་མཚོན་པའི་གཞས་ཡིན” ཟླ་9ཚེས་3ཉིན་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ལ་ཞུགས་རྗེས། ཐང་ཆེན་གྱི་མཉམ་གཞས་ཚོགས་པའི་ཁོངས་མི་པེ་ཅིང་སྦྲག་ཏར་སློབ་ཆེན་རྩིས་འཁོར་སློབ་གླིང་གི་སློབ་མ་ཝང་ཀྲི་ཝེ་སློབ་གྲྭར་ལོག་ཀྱང་ཡུན་རིང་པོར་སེམས་པ་ལྷོད་ལ་མ་བབས།
ལོ་གསུམ་གོང་། ཝང་ཀྲི་ཝེ་ཡིས་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་ཞུས་ཏེ་དམག་དཔུང་ལ་ཞུགས་ནས་ས་བབ་སྨི་4300ཟིན་པའི་ས་མཐོའི་མཐའ་མཚམས་ཀྱི་འཐབ་ས་དང་པོར་བཅའ་སྲུང་བྱས།
དམག་ཁོངས་ནས་ཕྱིར་ལོག་སྟེ་སློབ་གྲྭར་སླེབས་རྗེས་ཁོང་གིས་སློབ་མ་གསར་པའི་དམག་སྦྱོང་དང་དེ་བཞིན་དམག་བསྡུའི་སྒྲོག་འགྲེལ་ལས་དོན་ནང་ཧུར་ཐག་ཞུགས་ནས་དང་བླངས་ཞབས་ཞུ་དང་རྒྱལ་སྲུང་སློབ་གསོའི“གདོང་དམག”བྱ་རྒྱུའི་བརྩོན་ལེན་བྱས། དྲན་གསོའི་ཚོགས་ཆེན་གྱི་ཕྱོགས་བསྡུས་ནང་སྦྱོང་ཐོག་མ་བྱེད་སྐབས་ཝང་ཀྲི་ཝེ་ཡིས་དམག་དར་རུ་སྟར་གྲུ་བཞི་ནས་རྒྱུས་མངའ་ཤིན་ཏུ་ཆེ་བའི་དར་ཆ་སྟེ། དཔེ་བཟང་གཞོན་ནུའི་ཐོན་ཤོག་མཐོང་། དེ་ནི་དེ་སྔ་ཁོང་གིས་དམག་སྐུལ་དང་ལེན་བྱེད་སའི་ཚན་པའི་དམག་དར་རེད། “དམག་སྡེ་བརྒྱད་པའི་སྤྱི་ཁྱབ་སི་ལིང་ཀྲུའུ་ཏེས་ང་ཚོར་གནང་བ་ཞིག་རེད”ཅེས་ཝང་ཀྲི་ཝེ་ཡིས་གསར་འགོད་པར་བཤད།
“ཀྲི་ཝེ་ནི་ང་ཚོའི་མིག་དཔེ་ཡིན” ནང་སྦྱོང་བྱེད་རིང་ཝང་ཀྲི་ཝེ་ཡིས་དཔེ་དམག་བྱས་ནས་གར་སྟེགས་ཐོག་དཔེ་སྟོན་ཐེངས་མང་བྱས་པ་མ་ཟད། ཁོང་གིས། ད་དུང་ལུས་རྩལ་གྱི་ཁྱད་ཆོས་དང་སྦྱོང་བརྡར་སྣེ་ཁྲིད་ཀྱི་ཉམས་མྱོང་ལ་བརྟེན་ནས་སློབ་མ་སྒྲིག་འཛུགས་བྱས་ཏེ་སྦྱོང་བརྡར་བྱེད་ཀྱི་ཡོད། ས་མཐོར་ཁོང་ནི་ལང་ཚོའི་ཁྲག་དྲོན་ལ་བརྟེན་ནས་རྒྱལ་ཁབ་ས་ཆའི་མཐའ་མཚམས་སྲུང་བའི་འཐབ་འཛིང་པ་ཞིག་ཡིན་པ་དང་། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཁོང་ནི་སྐད་གསང་ལ་བརྟེན་ནས་གཞོན་ནུའི་ཉམས་འགྱུར་མཚོན་པར་བྱེད་པའི་མཉམ་གཞས་ཚོགས་པའི་ཁོངས་མི་ཞིག་རེད། ནམ་ཡང་འགྱུར་བ་མེད་པ་ནི་ཝང་ཀྲི་ཝེ་ཡིས་མེས་རྒྱལ་ལ་བཅངས་པའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་དེ་རེད།
“དམག་གཟིགས་མཛད་སྒོའི་ཐོག་གི་སྔོན་ཐོན་གྱི་གོ་མཚོན་རེ་རེའི་རྒྱབ་ཏུ་ང་ཚོའི་སློབ་གྲྭའི་ཞིབ་སྤེལ་མི་སྣའི་སེམས་ནུས་དང་དཀའ་སྤྱད་འདུས་ཡོད” སླར་ཡང་སློབ་གྲྭར་ལོག་པའི་ཝང་ཀྲི་ཝེ་ཡིས་མ་འོངས་པར་རང་ཉིད་ཀྱི་ཆེད་ལས་ཀྱི་ཁྱད་ཆོས་ལ་བརྟེན་ནས་མེས་རྒྱལ་གྱི་རྒྱལ་སྲུང་བྱ་གཞག་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་ཐུབ་པའི་རེ་བ་ཡོད་ཅེས་བཤད།
(བསྟན་འཛིན་བཟང་མོས་བསྒྱུར། གནམ་ཕྱུག་རྒྱལ་དང་བསྟན་བཟང་གིས་ཞུས)