02

གཞོན་ནུ་དང་བླངས་པ་ཆིང་ཧྭ་སློབ་ཆེན་གྱི་སློབ་མ་མུའུ་རུའེ་དབྱིང་གིས་བརྗོད་དོན། “ངའི་སེམས་པ་ཁྱིམ་ཚང་དང་རྒྱལ་ཁབ་ལ་འབྲེལ་ཡོད” 2025年09月09日

འདི་ནི་མུའུ་རུའེ་དབྱིང་ཡིན་པ།

“རུ་སྟར་གྲུ་བཞིའི་རྡོག་སྒྲ་འཁྲིས་ནས་གྲགས་པ་ཐོས་སྐབས་མི་ཚང་མས་དགའ་འབོད་བྱས་སོང” ཟླ་9ཚེས་3ཉིན་གྱི་དམག་གཟིགས་རྣམ་པར་ཕྱིར་དྲན་བྱེད་སྐབས། མཛད་གཟིགས་སྟེགས་བུར་ཡོད་པའི་གཞོན་ནུ་དང་བླངས་པ་ཆིང་ཧྭ་སློབ་ཆེན་ཝུའེ་དབྱང་སློབ་གླིང་གི་སློབ་མ་མུའུ་རུའེ་དབྱིང་གི་སེམས་པ་རྣལ་དུ་ཕབ་ཐབས་མེད་པར“རུ་སྟར་གྲུ་བཞིའི་འཐབ་འཛིང་པ་ཚོའི་དཔའ་ཉམས་མཐོང་བས་ཡུལ་དུས་ལས་བརྒལ་ནས་མེས་པོ་ཚོས་ཁྲག་བཏོན་དམར་འཛིང་བྱས་པའི་སྣང་བརྙན་བློ་ངོར་འཆར་ཏེ་ངའི་སེམས་པ་ཁྱིམ་ཚང་དང་རྒྱལ་ཁབ་ལ་འབྲེལ་སོང”ཞེས་བཤད།

མུའུ་རུའེ་དབྱིང་ནི་ཐེངས་འདིའི་དྲན་གསོའི་ཚོགས་ཆེན་གྱི“གོས་སྔོན་དང་བླངས་པ”4000ལྷག་ཙམ་ཁྲོད་ཀྱི་གཅིག་རེད། དྲན་གསོའི་ཚོགས་ཆེན་གྱི་ཉིན་མོ་དེར། ཁོང་ནི་གནམ་བདེ་སྒོ་མོ་ཆེའི་མཁར་གྱི་གཞོགས་ཤིག་གི་གནས་སྐབས་མཛད་གཟིགས་སྟེགས་བུའི་ཐོག་སྐུ་མགྲོན་ཚོར་ལམ་སྟོན་མཁན་དང་བློ་འདྲིར་ལན་བཏབ་མཁན་ཞིག་རེད། མཇུག་སྒྲིལ་ལ་ཉེ་དུས། ཁོང་གིས་གདོང་གཤིས་སྐྱ་བོ་ཆགས་པའི་བུད་མེད་ཅིག་མཐོང་བས་ཁྲག་མངར་དམའ་པོ་ཡིན་པ་ཤེས་ནས་འཕྲལ་དུ་རང་ཉིད་ཀྱི་ཟ་མ་དེ་སྤྲད། “འཐབ་འཛིང་པ་ཚོས་གཟིགས་ཞིབ་དང་ལེན་བྱེད་བཞིན་ཡོད་ལ། ང་ཚོ་གཞོན་ནུ་དང་བླངས་པ་ཚོས་ཀྱང་ཞིབ་བཤེར་དང་ལེན་བྱེད་བཞིན་ཡོད་ལ། ཕྲག་ཐོག་ཏུ་འགན་འཁྲི་ཡང་ཡོད”ཅེས་བཤད།

ལོ་རེའི་ཟླ་8ཚེས་15ཉིན། མུའུ་རུའེ་དབྱིང་ཁྱིམ་གྱིས་པགས་པ་མ་བཤུས་པའི་ཞོག་ཁོག་གི་ཐང་བཟོ་གི་ཡོད། དེ་ནི་1945ལོའི་ཟླ་8ཚེས་15ཉིན། རླུང་འཕྲིན་བརྒྱུད་རི་པིན་གྱིས་ཆ་རྐྱེན་ཅི་ཡང་མེད་པར་མགོ་བཏགས་ཞུས་པ་ཤེས་རྗེས། རྨོ་བོ་ལགས་དང་ཁོང་གི་འཐབ་གྲོགས་ཚོས་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུས་པའི“གསོལ་སྟོན་གཟབ་རྒྱས”ཤིག་རེད། སྟབས་བདེའི་ཟ་མ་དེས་ལོ་ངོ་80ལྷག་གི་གསར་བརྗེའི་དྲན་ཤེས་རྒྱུན་འཛིན་བྱས་ཡོད།

མུའུ་རུའེ་དབྱིང་གི་ཆེད་ལས་ནི་བཟོ་སྐྲུན་དངོས་ལུགས་ཡིན། དམག་གཟིགས་མཇུག་སྒྲིལ་སྐབས། སྐུ་མགྲོན་ཞིག་གིས་མུའུ་རུའེ་དབྱིང་གི་ལག་པར་འཇུས་ཏེ་ཁོང་གི་སློབ་གྲྭ་དང་ཆེད་ལས་སྐོར་དྲིས་ནས“ལོ་10ཡི་རྗེས་སུ། ཁྱེད་ཀྱིས་མེས་རྒྱལ་ལ་མཁོ་གལ་ཆེ་བའི་ས་ཆར་ནུས་པ་འདོན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བརྗོད།

མུའུ་རུའེ་དབྱིང་གིས“མེས་པོ་ཚོས་རང་ཉིད་ཀྱི་ཁྲག་དྲོན་ཀྲུང་ཧྭ་ས་གཞི་ཆེ་མོར་གཏོར་བས་གཞི་ནས་ད་ཆའི་དར་རྒྱས་ཀྱི་གཡུར་ཏུ་ཟ་བའི་གྲུབ་འབྲས་འདི་ཐོབ་པ་རེད” “ངས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་བསྐྱར་དར་གྱི་ལག་རྒྱུག་བླངས་ནས་མེས་རྒྱལ་འཕེལ་རྒྱས་ལ་ནུས་ཤུགས་གང་ཡོད་འདོན་གྱི་ཡིན”ཞེས་བློ་བརྟན་འགྱུར་མེད་ཀྱིས་བརྗོད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། དམ་ཆོས་མི་ཕམ་དང་ཚེ་དབང་ལྷ་མོས་ཞུས)