འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དྲན་གསོ་ཁང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར“མི་རིགས་ཀྱི་བཅིངས་འགྲོལ་དང་འཛམ་གླིང་ཞི་བདེའི་ཆེད། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”གྱི་དྲ་ཐོག་འགྲེམས་ཁང་དངོས་སུ་སྤྱོད་འགོ་ཚུགས་པ་རེད། ཟླ་7ཚེས་8ཉིན་ནས་སྤྱི་དམངས་ལ་སྒོ་ཕྱེ་ཚུན། བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་ལྟད་མོ་བ་མི་ཐེངས་ཁྲི་70ལྷག་ཙམ་ཟིན་ཡོད་པ་རེད།
དྲ་ཐོག་འགྲེམས་ཁང་དུ་ལྗོངས་རྣམ་ཧྲིལ་པོ་པར་ལེན་དང་། 3Dའདྲ་བཟོ། གྲངས་འཛིན་མི་སོགས་ཀྱི་ལག་རྩལ་འདུས་ནས། ཐེངས་དང་པོར་འགྲེམས་སྟོན་བྱས་པའི་རིག་དངོས་རྩ་ཆེན་དང་བརྙན་པར་གྱི་དཔྱད་གཞི་ཁག་གཅིག་གཅིག་སྡུད་ཐོག་མངོན་ཡོད། གྲངས་འཛིན་མི་ནི་དམག་སྡེ་བརྒྱད་པའི་འཐབ་འཛིང་པའི་འཇིམ་བརྐོས་མ་དཔེར་བྱས་པ་དང་། རང་བྱུང་སྐད་བརྡ་སྦྱོར་བ་དང་སྐད་བརྡ་འདྲེས་གྲུབ་ལག་རྩལ་ལ་བརྟེན་ནས་ལྟད་མོ་བ་ཚོར་རང་སོ་སོའི་ཁྱད་ཆོས་ལྡན་པའི་ལྟ་སྐོར་ཞབས་ཞུ་དང་འགྲེམས་སྟོན་ཉམས་ལེན་ཟབ་མོ་ཞིག་མཁོ་འདོན་བྱས་ཡོད་པ་རེད།
(པད་ཆོས་ཀྱིས་བསྒྱུར། ཚེ་སྒྲོལ་གྱིས་ཞུས)