ཞུང་ཧྲང་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་ལམ་ལྕགས་དངོས་སུ་འདིང་འགོ་ཚུགས་པ། ཟླ་9ཚེས་1ཉིན། ཞུང་ཨན་ཁུལ་གསར་ནས་ཧྲང་ཆིའུ་བར་གྱི་མྱུར་བགྲོད་ལྕགས་ལམ(ཞུང་ཧྲང་མྱུར་བགྲོད་ལྕགས་ལམ)གྱི་ལམ་ཐིག་ཧྲིལ་པོར་ལམ་ལྕགས་དངོས་སུ་འདིང་འགོ་ཚུགས་ཤིང་། དེ་ཐོག་ནས་རྣམ་གྲངས་འཛུགས་སྐྲུན་ལ་དུས་རིམ་རང་བཞིན་གྱི་འཕེལ་རིམ་ཆེན་པོ་བྱུང་བ་མཚོན་གྱི་ཡོད། ཞུང་ཧྲང་མྱུར་བགྲོད་ལྕགས་ལམ་ནི་ཞུང་ཨན་མྱུར་བགྲོད་ལྕགས་ལམ་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་ཞིང་། ལམ་ཐིག་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ་552ཡོད་པ་དང་། རང་རྒྱལ་གྱི“གཞུང་བརྒྱད་འཕྲེད་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བའི་གྲུབ་ཆ་གལ་ཆེན་ཞིག་རེད། འདི་ནི་ཟླ་9ཚེས་1ཉིན་ལས་དོན་པས་ཧོ་པེ་ཞིང་ཆེན་ཧོ་ཅན་གྲོང་ཁྱེར་དུ་ཨར་ལས་བྱེད་བཞིན་པ།