འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་9ཉིན་གློག་འཕྲིན་འབྱོར་གསལ། མིག་སྔར། རང་རྒྱལ་ཕྱོགས་ཡོངས་ནས་འབྲུབ་དུས་སུ་སླེབས་ཞིང་། ས་ཁུལ་ཁ་ཤས་ལ་ཆུ་ལོག་དང་ས་གཤིས་ཀྱི་གནོད་འཚེ་མང་པོ་ཐོན་ཡོད། ད་ལོ་རྒྱ་མཚོའི་རླུང་འཚུབ་ཨང་4པ“ཏན་ནཱ་སིས”རྐྱེན་པས་རང་རྒྱལ་གྱི་ཤར་ལྷོའི་མཚོ་རྒྱུད་ལ་ཤུགས་རྐྱེན་ཐེབས་པ་དང་ས་ཆ་ཁ་ཤས་ལ་གནོད་འཚེ་དང་ཉེན་ཁ་འཕྲད་ཡོད། ཟླ་7ཚེས་9ཉིན། ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར་1.5ཛ་དྲག་ངང་སྔ་སྣུར་དུ་སྤྲད་དེ། ཀྲེ་ཅང་དང་། ཧྥུའུ་ཅན། སི་ཁྲོན། ཁྲུང་ཆིང་། བོད་ལྗོངས། ཀན་སུའུ་བཅས་ཞིང་ཆེན་དྲུག་ལ་གནོད་འཚེར་འཕྲལ་སྡོམ་ཉེན་སྐྱོབ་རོགས་སྐྱོར་དང་གནོད་འཚེ་ཕོག་པའི་མང་ཚོགས་ལ་རོགས་སྐྱོར་བྱེད་པའི་ལས་དོན་སྤེལ་རྒྱུར་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱས་པ་རེད།
(བསོད་ནམས་བདེ་སྐྱིད་ཀྱིས་སྒྱུར་ཞུས་བྱས)