“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱི་དཔལ་འབྱོར་བསྡོམས་འབོར་བསྟུད་མར་སྒོར་དུང་ཕྱུར་ཁྲི་110དང་། སྒོར་དུང་ཕྱུར་ཁྲི་120 སྒོར་དུང་ཕྱུར་ཁྲི་130བཅས་ལས་བརྒལ་བ་དང་། ད་ལོའི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་140ཡས་མས་ཟིན་རེ་ཡོད།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་9ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱི་དཔལ་འབྱོར་བསྡོམས་འབོར་བསྟུད་མར་སྒོར་དུང་ཕྱུར་ཁྲི་110དང་། སྒོར་དུང་ཕྱུར་ཁྲི་120 སྒོར་དུང་ཕྱུར་ཁྲི་130བཅས་ལས་བརྒལ་བ་དང་། ད་ལོའི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་140ཡས་མས་ཟིན་རེ་ཡོད་པ་རེད།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)
འཕར་ཚད་ནས་བལྟས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་དཔལ་འབྱོར་འཕར་ཚད་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་ཁྲི་35ལས་བརྒལ་བ་དེ་ཨང་དང་པོ་ནས་གསུམ་པ་བར་ཡིན་པའི་དཔལ་འབྱོར་ཞིང་ཆེན་ཆེན་པོ་ཀོང་ཏུང་དང་། ཅང་སུའུ། ཧྲན་ཏུང་བཅས་ཀྱི་དཔལ་འབྱོར་སྤྱི་འབོར་གྱི་བསྡོམས་འབོར་དང་མཚུངས་ཤིང་། ལོ་ལྟར་འཛམ་གླིང་གི་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་30%ཡས་མས་སུ་རྒྱུན་འཁྱོངས་ཐུབ་ཡོད། སྤུས་ཚད་ནས་བལྟས་ན། 2024ལོར་རང་རྒྱལ་གྱི“གསར་གསུམ”དཔལ་འབྱོར་གྱི་འཕར་ཐང་སྒོར་དུང་ཕྱུར་ཁྲི་24ལས་བརྒལ་ཡོད། དམངས་ཕན་ནས་བལྟས་ན། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་ལོ་ལྟར་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་1200ཡན་གསར་དུ་ལས་ཞུགས་བརྟན་པོ་ཐུབ་པ་དང་། རང་རྒྱལ་གྱིས་འཛམ་གླིང་གི་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོ་དང་། སྨན་བཅོས། སྤྱི་ཚོགས་འགན་སྲུང་བཅས་ཀྱི་མ་ལག་བསྐྲུན་པ་མ་ཟད་མུ་མཐུད་སྲ་བརྟན་དུ་གཏོང་བཞིན་ཡོད། སྔོ་འགྱུར་ནས་བལྟས་ན། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་རང་རྒྱལ་གྱི“ལྗང་མདོག་མང་དུ་འགྲོ་ཚད”གོ་ལ་ཧྲིལ་པོའི་མང་ཤོས་ཡིན་པ་དང་། དེས་གོ་ལ་ཧྲིལ་པོའི་ལྗང་མདོག་གསར་དུ་སྣོན་པའི་གཞི་ཁྱོན་གྱི་1/4ལེགས་སྐྱེས་ཕུལ་ཡོད།