04

པར་རིས་གསར་འགྱུར། 2025年06月16日

ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡིས“སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ལག་བསྟར”གྱི་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ། “འོད་ཤུགས་དང་། སྐྱེ་ཁམས། ཐོན་ལས”བཅས་ཟུང་དུ་འབྲེལ་བའི་ལས་རྣམ་གསར་པ་འཕེལ་རྒྱས་ཧུར་ཐག་བཏང་བ་དང་། འོད་ཤུགས་སྒྲོམ་སྟེགས་ཀྱི་མཐོ་ཚད་མཐོ་རུ་བཏང་བ་བརྒྱུད། འོད་ཤུགས་པང་ལེབ་ཀྱིས་ཉི་འོད་ནུས་ཆེའི་སྒོ་ནས་བསྡུ་ལེན་ཤུགས་ཆེན་ཐུབ་པ་མ་ཟད། ད་དུང་པང་ལེབ་ཀྱི་འོག་ཏུ་རྩྭ་སྐྱེ་ཐུབ་པ་དང་ཕྱུགས་རིགས་གསོ་ཚགས་ཀྱང་བྱེད་ཐུབ་ཀྱི་ཡོད། འདི་ནི་ཉིན་ཤས་གོང་རྨ་ཆེན་རྫོང་རྟ་བོ་ཤང་གི“འོད་ཤུགས་འབྲོག་ལས་གསོག་འཇུག”གི་ནུས་མང་གསབ་རེས་ཕྱོགས་བསྡུས་གཞི་གཅིག་ཅན་གྱི་རྣམ་གྲངས་ཀྱི་ས་གནས་ས་ཐོག་ཏུ་འབྲི་གཡག་གིས་འོད་ཤུགས་པང་ལེབ་འོག་ཏུ་རྩྭ་ཟ་བཞིན་པ།