03

པར་རིས་གསར་འགྱུར། 2025年06月12日

ཟླ་6ཚེས་5ཉིན། ཚོང་འགུགས་ཅུས་ཅིན་ལིང་གྲུ་གཟིངས(ཝེ་ཧའེ)ཚད་ཡོད་ཀུང་སིས་སུའེ་ཏེན་ལ་སྒྱུར་བཀོད་བྱས་པའི་སྒྲིལ་འཇུག་གྲུ་གཟིངས“stena foreteller”རྟགས་ཅན་བཟོ་གྲྭ་ནས་ཐོན་ཏེ་ཧྲན་ཏུང་གྲུ་ཁའི་དབྱན་ཐའེ་གྲུ་ཁར་རླངས་འཁོར་བླུགས་པར་སླེབས་ནས་དངོས་སུ་འཁོར་སྐྱོད་བྱེད་འགོ་ཚུགས་ཡོད། གྲུ་གཟིངས་དེར་ཀྲུང་གོས་ཟོག་འདྲེན་གྱི་གྲུ་གཅལ་བསྒར་བ་དང་། སྐུལ་འདེད་ཡོ་ཆས་ཀྱི་ནུས་པ་ཡག་ཏུ་གཏོང་བ། གྲུ་ཁའི་གློག་འདོན་མ་ལག་བསྒར་བ་སོགས་ཀྱི་སྒྱུར་བཀོད་བྱས་རྗེས་སྐྱེལ་འདྲེན་བྱེད་ནུས་30%ལེགས་སུ་ཕྱིན་པ་མ་ཟད། དྲོད་ཁང་གི་རླུང་གཟུགས་འབུད་ཚད་ཀྱང་ཉུང་དུ་ཕྱིན་ཡོད། འདི་ནི་ཉིན་དེར་ཧྲན་ཏུང་དབྱན་ཐའེ་གྲུ་ཁ་ནས་གྲུ་གཟིངས་ནང་ཕྱིར་གཏོང་རླངས་འཁོར་བླུག་བཞིན་པ།