02

པར་རིས་གསར་འགྱུར། 2025年06月06日

ཉེ་བའི་ལོ་ཤས་རིང་། ཧྲན་ཏུང་ཞིང་ཆེན་རུང་ཁྲེང་གྲོང་ཁྱེར་གྱིས་མཚོ་ཐོག་རླུང་གློག་དང་རྒྱ་མཚོའི་གསོ་ཚགས་ར་བ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཧུར་ཐག་བཏང་བས། “ལྗང་མདོག་ནུས་རྒྱུ་དང་། སྐྱེ་ཁམས་གསོ་ཚགས། སྤྲོ་གསེང་ཉ་ལས”བཅས་ཟུང་འབྲེལ་གྱི་ཕྱོགས་བསྡུས་ཅན་གྱི་ཐོན་ལས་རྣམ་པ་ཞིག་ཆགས་ནས་རྒྱ་མཚོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། རྒྱ་མཚོའི་དཔལ་འབྱོར་གྱི་ཐོན་རྫས་རིན་ཐང་གིས་རུང་ཁྲེང་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་40%ལྷག་ཙམ་བཟུང་ཡོད། འདི་ནི་ཟླ་6ཚེས་3ཉིན་པར་བླངས་པའི་རུང་ཁྲེང་གྲོང་ཁྱེར་ཧྲི་ཏའོ་དོ་དམ་ཆུས་སང་ཀོའུ་མཚོ་ཁུག་རྒྱ་མཚོའི་གསོ་ཚགས་ར་བ་ཡིན་པ།