02

ཤིན་ཅང་ཝུའུ་ལུའུ་མུའུ་ཆིར། སྤྱི་སྤྱོད་རླངས་འཁོར་ཨང་གཉིས་པ་བསྐྱར་དུ་གཏོང་འགོ་ཚུགས་པ། 2025年04月27日

ཉེ་ཆར། ལམ་ཐིག་ལེགས་སུ་བཏང་རྐྱེན་ལོ་14ཡི་རིང་སྐྱེལ་འདྲེན་བྱེད་མཚམས་བཞག་པའི་ཤིན་ཅང་ཝུའུ་ལུའུ་མུའུ་ཆིའི་སྤྱི་སྤྱོད་རླངས་འཁོར་ཨང་གཉིས་པ་བསྐྱར་དུ་གཏོང་འགོ་ཚུགས་ཡོད།

ཆེད་སྤྱོད་ལམ་ཐིག་གི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་དེ་གནའ་ཉམས་དོད་ཅིང་། དེས་བརྒྱད་ལྡན་ཐོག་ཁང་དང་། ཤིན་ཅང་རྒྱལ་སྤྱིའི་ཏ་པ་ཀྲ ཧུང་ཧྲན་སྤྱི་གླིང་། ཤིན་ཅང་རྟེན་མཛོད་ཁང་སོགས་བབས་ཚུགས་མང་པོ་ནས་བསྐྱོད་པ་དང་ལམ་ཐག་ཧྲིལ་པོར་སྤྱི་ལེ་26ཡོད་ལ། འགྲིམ་འགྲུལ་དང་། རིག་གནས། ཡུལ་སྐོར་བཅས་གཞི་གཅིག་ཅན་གྱི་དབྱིངས་ཞུགས་རྣམ་པའི་ཉམས་ལེན་གྱི་ཆེད་སྤྱོད་ལམ་ཐིག་ཅིག་ཏུ་གྱུར་ཡོད།

􀲔 འདི་ནི་ཟླ་4ཚེས་22ཉིན་སྤྱི་སྤྱོད་རླངས་འཁོར་ཨང་གཉིས་པ་ཤིན་ཅང་རྒྱལ་སྤྱིའི་ཏ་པ་ཀྲ་ནས་སྐྱོད་བཞིན་པ།

➝ འདི་ནི་གྲོང་མི་ཚོས་སྤྱི་སྤྱོད་རླངས་འཁོར་ཨང་གཉིས་པར་བསྡད་དེ་ལམ་རྒྱུད་ཀྱི་མཛེས་ལྗོངས་ལ་ལྟ་བཞིན་པ།