02

2025年03月16日

ཉེ་བའི་ལོ་ཤས་རིང་། སི་ཁྲོན་ཁྲེང་ཏུའུ་ཕེང་ཀྲོའུ་གྲོང་ཁྱེར་གྱིས་ཀྲུང་གོའི་ལྷོ་ཕྱོགས་ཀྱི་སྔོ་ཚལ་སོན་ལས་གསར་གཏོད་ལྟེ་གནས་ཚད་གཞི་མཐོ་པོས་སྐྲུན་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། རྒྱལ་ཁབ་ཀྱི་ས་ཁོངས་རང་བཞིན་གྱི་སྔོ་ཚལ་སོན་ལས་གསར་གཏོད་རྟེན་གཞི་འཛུགས་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་བཏང་ཡོད། 2024ལོའི་ལོ་མཇུག་བར། ཕེང་ཀྲོའུ་གྲོང་ཁྱེར་གྱིས་སྔོ་ཚལ་གྱི་སོན་སྣ་ཁ་200ལྷག་ཙམ་ཉར་ཚགས་བྱས་པའི“སོན་མཛོད”དང་ཐེན་ཧྥུའུ་སྔོ་ཚལ་སོན་མྱུག་གསོ་སྤེལ་ལྟེ་གནས་སོགས་སྔོ་ཚལ་བཟོ་གྲྭ་རྣམ་པའི་མྱུ་གུ་གསོ་སྤེལ་ལྟེ་གནས་8བསྐྲུན་ཏེ། ཁྲེང་ཏུའི་ཀླུང་ཐང་དུ་འདེབས་པར་འཚམ་པའི་སྔོ་ཚལ་སྣ་ཁ་གསར་པ་35འདེམས་སྒྲུག་བྱས་པ་དེ་དག་ས་ཞིང་དང་དྲོད་ཁང་དུ་འདེབས་པ་དང་སྔོ་ཚལ་སྣ་ཁ་གསར་པ་ཁྱབ་གདལ་བཏང་ཞིང་། འདི་ནི་ཟླ་3ཚེས་13ཉིན་པར་བླངས་པའི“སོན་མཛོད”ཀྱི་རྣམ་པ་ཡིན་པ།