02

རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གླ་ཕོགས་ཆད་པར་བཅོས་སྒྲིག་བྱེད་པའི་དགུན་དུས་བྱ་སྤྱོད་སྤེལ་བ། 2024年12月13日

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས《གླ་ཕོགས་ཆད་པར་བཅོས་སྒྲིག་བྱེད་པའི་དགུན་དུས་བྱ་སྤྱོད་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་ནས། 2025ལོའི་དཔྱིད་གསར་དུས་ཆེན་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་ཞུགས་སྐུལ་འདེད་དང་ངལ་རྩོལ་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་ལ་གཞོགས་འདེགས་ཀྱིས་རྒྱལ་ཡོངས་བཟོ་ཚོགས་ཀྱིས་གླ་ཕོགས་ཆད་པར་བཅོས་སྒྲིག་བྱེད་པའི་དགུན་དུས་བྱ་སྤྱོད་སྤེལ་ཏེ། ལས་གྲྭ་འཛུགས་སྐྲུན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ལ་དམིགས་པ་དང་། ལོ་མཇུག་དང་ལོ་འགོར་ཞིང་པ་ལས་མིའི་གླ་ཕོགས་ལ་འགན་ལེན་དང་གླ་ཕོགས་ཆད་པའི་ཞིང་པ་ལས་མིར་བཟོ་ཚོགས་ཀྱིས་རོགས་སྐྱོར་རོགས་སྐྱོབ་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ནས། ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

《བརྡ་ཐོའི》ནང་བསྟན་དོན། རིམ་ཁག་བཟོ་ཚོགས་ཀྱིས་རིགས་དབྱེའི་ཐག་གཅོད་མཐའ་འཁྱོངས་བྱས་ནས་གླ་ཕོགས་ཆད་པའི་གནད་དོན་ནུས་ལྡན་སེལ་བར་སྐུལ་འདེད་གཏོང་དགོས། རིམ་ཁག་བཟོ་ཚོགས་ཀྱིས་གླ་ཕོགས་ཆད་པའི་ཞིང་པ་ལས་མིར་ལས་ཞུགས་རོགས་སྐྱོར་དང་དཀའ་ངལ་སེལ་རོགས་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས། ལས་ཤོར་གླ་ཕོགས་འདེད་ལེན་བྱེད་མཁན་ངལ་རྩོལ་པའི་ལས་ཞུགས་ཀྱི་འདོད་བློ་གསལ་རྟོགས་བྱས་ཏེ་ལས་རིགས་ངོ་སྤྲོད་དང་ལས་ཞུགས་རྩལ་ནུས་གསོ་སྦྱོང་སོགས་ཀྱི་ཞབས་འདེགས་ཞུས་ནས་ཁོང་ཚོ་གང་མགྱོགས་ལས་ཞུགས་ཐུབ་པར་བྱེད་དགོས། དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་སྤེལ་རིང་གླ་ཕོགས་ཆད་པའི་ངལ་རྩོལ་པར་དོ་ཁུར་ཆེན་པོ་བྱས་ཏེ་ཐུགས་ཁུར་དང་གཅེས་སྐྱོང་གང་ལེགས་ཀྱིས་ཁོང་ཚོའི་གཞི་རྩའི་འཚོ་བར་འགན་ལེན་བྱེད་དགོས། དཀའ་ངལ་ཡོད་པའི་ལས་བཟོའི་ཡིག་ཚགས་དང་གཱ་བཟོ་བའི་ཚད་གཞི་དང་མཐུན་པའི་རིགས་ལ་རོགས་རམ་གང་ཐུབ་བྱས་ཏེ་ཁོང་ཚོ་དཀའ་གནད་ལས་སྒྲོལ་རོགས་བྱེད་དགོས།

(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། ལྷག་ཚེས་ཞུས)