03

ཀྲེ་ཅང་ཅིན་ཧྭ་རུ་ཀྲུང་ཡོའི་དུས་གཏན་མེ་འཁོར་སྐྱེལ་འདྲེན་ལས་ལ་བྲེལ། 2024年09月11日

ལྕགས་ལམ་ཧྲང་ཧའེ་ཅུས་ཚོགས་པ་ཀུང་སི་ཧང་ཀྲོའུ་ལྕགས་ལམ་ཟོག་འགྲེམས་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། 2024ལོའི་ཟླ་1ནས་ཟླ་8པའི་བར། ཀྲུང་ཡོའི་དུས་གཏན་མེ་འཁོར(ཅིན་ཧྭ)གྱིས་རིམ་རྩིས་བྱས་ན་དོས་སྒམ་50592གཏོང་འདྲེན་བྱས་པ་དེ་ལོ་གོང་མའི་དུས་མཚུངས་ལས་5%འཕར་ཡོད་པ་དང་། དེའི་ཁྲོད་དོས་སྒམ་38852བཏང་བ་དེ་ལོ་གོང་མའི་དུས་མཚུངས་ལས་25.1%འཕར་ཡོད་པ་རེད། འདི་ནི་ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་ཅིན་ཏུང་ཆུས་ཧྭ་ཏུང་རྒྱལ་སྤྱིའི་སྦྲེལ་མཐུད་སྐྱེལ་འདྲེན་གྲུ་ཁར་ཀྲུང་ཡོའི་དུས་གཏན་མེ་འཁོར་ཞིག་ཧང་ག་རིའི་པུ་ཏ་ཕེ་སི་རུ་ཐོན་གྲབས་བྱེད་བཞིན་པ།