03

པེ་ཅིང་དུ་ཀྲུང་ཨའི་གནམ་གཤིས་སྐོར་གྱི་གྲོས་མོལ་བྱས་པ། 2024年09月11日

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སྐྱེ་ཁམས་ཁོར་ཡུག་པུས་གནས་ཚུལ་ཁྱབ་བསྒྲགས་བྱས་པར། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོས་གྲོས་ཐག་བཅད་པ་བརྒྱུད་ཨ་རིའི་ཙུང་ཐུང་གི་རྒྱལ་སྤྱིའི་གནམ་གཤིས་སྲིད་ཇུས་ཀྱི་མཐོ་རིམ་བློ་འདྲི་བ་པོ་ཏེ་སི་ཐ་ཟླ་9ཚེས་4ནས་6ཉིན་བར་ཀྲུང་གོར་འཚམས་འདྲིར་ཡོང་ནས། ཀྲུང་གོའི་གནམ་གཤིས་འགྱུར་ལྡོག་ལས་དོན་གྱི་དམིགས་བསལ་ཕོ་ཉ་ལིའུ་ཀྲེན་མིན་དང་མཉམ་དུ“དུས་རབས་21པའི་ལོ་རབས་20པའི་གནམ་གཤིས་བྱ་སྤྱོད་ལ་ཤུགས་སྣོན་རྒྱག་པའི་ལས་དོན་ཚོགས་ཆུང”གི་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་བྱས་པ་རེད། ཕྱོགས་གཉིས་པོས་ཀྲུང་ཨའི་ལས་དོན་ཚོགས་ཆུང་འོག་དངོས་སྒྲུབ་མཉམ་ལས་དང་། རང་སོ་སོའི་རྒྱལ་ནང་གི་གནམ་གཤིས་སྲིད་ཇུས་ཀྱི་བྱ་སྤྱོད། གནམ་གཤིས་འགྱུར་ལྡོག་གི་ཕྱོགས་མང་འཕེལ་རིམ་སོགས་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་པ་རེད།

(ལྷག་ཚེས་བསྒྱུར། སྒྲོན་ལགས་ཀྱིས་ཞུས)