02

པར་རིས་གསར་འགྱུར། 2024年06月26日

དབྱར་ཁ་ཀན་སུའུ་ཞིང་ཆེན་ལིན་ཞ་ཧུད་རིགས་རང་སྐྱོང་ཀྲོའུ་ཅི་ཧྲི་ཧྲན་པའོ་ཨན་རིགས་ཏུང་ཞང་རིགས་ས་ལར་རིགས་རང་སྐྱོང་རྫོང་གི་མུའུ་ཁྲི་8ལྷག་ཙམ་ཡོད་པའི་སྔོ་ཐིང་ཐིང་གི་ཞིང་ནང་དུ་སེར་མདོག་གི་པད་ཁའི་མེ་ཏོག་རབ་ཏུ་བཞད་ནས་རི་གྲོང་གི་ཡུལ་ལྗོངས་མཚར་དུ་མངར། འདི་ནི་ཅི་ཧྲི་ཧྲན་རྫོང་ཅུས་ཅི་གྲོང་རྡལ་གྱི་པད་ཞིང་ཡིན་པ།

ཉེ་བའི་ལོ་ཤས་རིང་། པེ་ཅིང་ཞིང་ལས་སློབ་གླིང་སྐྱེ་དངོས་དང་ཐོན་ཁུངས་ཁོར་ཡུག་སློབ་གླིང་གི་དགེ་སློབ་ཡོངས་ཀྱིས་པེ་ཀྲའེ་གྲོང་ཚོའི་ཁམ་བུ་དམར་པོའི་ཐོན་ལས་དར་རྒྱས་ལས་དོན་ལ་གཞོལ་ཏེ། 2019ལོར“ཚན་རྩལ་ར་བ་ཆུང་ངུ”བཙུགས་པ་དང་། སློབ་མ་གྲོང་ཚོར་སྡོད་པ་དང་དགེ་རྒན་གྱིས་བརྒྱུད་རིམ་ཧྲིལ་པོར་མཛུབ་ཁྲིད་བྱེད་པ་སོགས་ལ་བརྟེན་ནས་ཁམ་བུ་དམར་པོ་ཐོན་སྐྱེད་ཁྲོད་ཀྱི་ས་རྒྱུའི་སྤུས་ཚད་མཐོར་གཏོང་དང་ཐོན་མཐོའི་འདེབས་གསོའི་ལག་རྩལ་སོགས་འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་གྱིས་གྲོང་ཚོ་དེའི་ཁམ་བུ་དམར་པོའི་ཐོན་ལས་འཕེལ་རྒྱས་ལ་ལག་རྩལ་གྱི་ཞབས་ཞུ་མཁོ་འདོན་བྱས་ཏེ་ཁམ་བུ་དམར་པོའི་སྤུས་ཚད་ཡག་ཏུ་འགྲོ་བར་རམ་འདེགས་བྱས་ཡོད། དེ་དང་ཆབས་ཅིག “ཚན་རྩལ་ར་བ་ཆུང་ངུས”གྲོང་ཚོའི་མཉམ་སྡེབ་གཙོ་བོར་བྱེད་པའི་ཁམ་བུ་དམར་པོའི“དྲ་སྦྲེལ+”གྱི་དྲ་རྒྱའི་ཕྱིར་ཚོང་བྱེད་སྟངས་ཆ་ཚང་ཞིག་བཏོད་དེ་ཕྱིར་ཚོང་གི་ཐབས་ལམ་ཡངས་སུ་བཏང་སྟེ་ས་གནས་དེ་གའི་གྲོང་མིར་འབབ་འཕར་གཏོད་རོགས་བྱས་ཡོད། འདི་ནི་པེ་ཅིང་ཞིང་ལས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཅཱ་གཡོད་ཧུའེ(དཀྱིལ)ཡིས་པེ་ཅིང་གྲོང་ཁྱེར་ཕིང་ཀུའུ་ཆུས་ནན་ཏུའུ་ལེ་ཧོ་གྲོང་རྡལ་པེ་ཀྲའེ་གྲོང་ཚོའི་ཁམ་བུའི་ལྡུམ་རར་སློབ་མ་ཚོར་ཁམ་བུ་དམར་པོའི་མ་དཔེ་ལེན་སྟངས་སློབ་བཞིན་པ།