ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2024ལོའི“ཀུའུ་ལིང་དང་འབྲེལ་བའི་ལས་དབང”གི་ཀྲུང་ཨའི་གཞོན་ནུའི་སྤེལ་རེས་གཟའ་འཁོར་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
ཞི་ཅིན་ཕིང་གིས་ལོ་བརྒྱ་ལྷག་ཙམ་གྱི་ཀུའུ་ལིང་དང་འབྲེལ་བའི་ལས་དབང་ནི་ཀྲུང་ཨའི་མི་དམངས་ཀྱི་མཛའ་གྲོགས་འགྲོ་འོང་གི་གཏམ་རྒྱུད་ཡག་པོ་ཞིག་ཡིན། ཀྲུང་ཨའི་ལས་རིགས་ཁག་གི་གཞོན་ནུ་ཚོ་ཧྥུའུ་ཀྲོའུ་རུ་མཉམ་དུ་འཛོམས་ནས་ཀུའུ་ལིང་གི་གཏམ་རྒྱུད་བསྐྱར་དུ་ཤོད་པ་དང་ཀུའུ་ལིང་གི་ལས་འབྲེལ་རྒྱུན་འཛིན་བྱས་ཏེ། ཀྲུང་ཨའི་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་སྤེལ་རེས་དང་བསམ་ཤེས་ཟབ་ཏུ་འགྲོ་བ་མཐོང་སྐབས་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་གཞོན་ནུ་ནི་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་ཕུགས་འདུན་ཆེན་པོ་དོན་གཉེར་བྱེད་མཁན་ཞིག་རེད། ཀྲུང་ཨའི་འབྲེལ་བའི་འབྱུང་འགྱུར་ནི་གཞོན་ནུ་རྣམས་ལ་ཐུག་ཡོད། ཁྱེད་ཚོས་སྤེལ་རེས་གཏིང་ཟབ་དང་། མཛའ་གྲོགས་ཟབ་ཏུ་གཏོང་བ།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན། ལག་གདང་སྦྲེལ་ནས་མཉམ་དུ་སྐྱོད་པ་བཅས་བྱས་ཏེ་ཀྲུང་ཨའི་མཛའ་གྲོགས་རྒྱུན་འཛིན་བྱས་ནས་ཀྲུང་ཨའི་འབྲེལ་བ་སྐྱོན་བྲལ་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་བར་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཏེ་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་ཞི་བདེ་མཉམ་སྐྲུན་དང་། ཡར་རྒྱས་མཉམ་སྤེལ། དར་རྒྱས་མཉམ་གཏོད་བཅས་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
དེ་ཉིན་2024ལོའི“ཀུའུ་ལིང་ལས་འབྲེལ་”གྱི་ཀྲུང་ཨའི་གཞོན་ནུའི་སྤེལ་རེས་གཟའ་འཁོར་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་དུ་འགོ་ཚུགས་པ་དང་། དེ་ནི་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་དང་། ཧྥུའུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་། ཀྲུང་ཧྭ་རྒྱལ་ཡོངས་གཞོན་ནུའི་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་གཉེར་བ་ཞིག་རེད།