ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཏེ་ཧ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཏེ་ཧ་གྲོང་ཁྱེར་དུ《གསུང་རྩོམ་གྲགས་ཅན་ཡིག་བསྒྱུར་དཔེ་སྐྲུན་བྱ་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཧྲུའུ་དང་ཁ་ཐར་རྒྱལ་ཁབ་རིག་གནས་པུའི་དྲན་ཐོར》མིང་རྟགས་བཀོད་པ་དེ་ནི་ཀྲུང་ཁའི་དཔེ་སྐྲུན་ལས་རིགས་དང་། རིག་གནས་ལས་རིགས། རིག་གཞུང་ལས་རིགས་བཅས་ཀྱིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དབུ་ཚོགས་སྐབས་དང་པོའི་གྲུབ་འབྲས་དོན་ཐོག་ཏུ་འཁྱོལ་བར་མཉམ་དུ་སྐུལ་འདེད་བཏང་བའི་མངོན་ཚུལ་གསོན་ཉམས་ལྡན་པ་ཞིག་རེད།
དྲན་ཐོ་ལྟར་ན། ཀྲུང་ཁ་ཕྱོགས་གཉིས་ཀྱིས་འབྱུང་འགྱུར་ལོ་ལྔའི་རིང་། རྒྱལ་ཁབ་གཉིས་ཀྱི་གསུང་རྩོམ་གྲགས་ཅན་མི་འདྲ་བ་50མཉམ་དུ་བསྒྱུར་ནས་དཔེ་སྐྲུན་བྱས་ཏེ། ཕན་ཚུན་གྱི་ཡི་གེར་བསྒྱུར་པའི་ཕུལ་བྱུང་འགྱུར་རྩོམ་དེ་བས་མང་པོར་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་གྱི་མཛའ་བཤེས་ཟབ་ཏུ་བཏང་སྟེ། ཀྲུང་ཨ་ཤེས་དཔལ་ཆེན་པོ་གཉིས་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རེས་བྱས་ནས། ཀྲུང་ཁའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་མི་ཆོས་རིག་གནས་ཀྱི་སྟོབས་ཤུགས་སྣོན་རྒྱུ་ཡིན་པ་རེད།
(དམ་ཆོས་མི་ཕམ་གྱིས་བསྒྱུར། བསྟན་འཛིན་བཟང་མོས་ཞུས)