03

ཏ་མ་སི་ཁུའི་རྒྱ་སེ་མེ་ཏོག་འདེབས་ཁྱོན་ཆེ་རུ་ཕྱིན་པ། 2024年06月19日

⇒ འདི་ནི་བཟོ་པས་རྒྱ་སེ་མེ་ཏོག་ལས་སྣོན་བྱེད་བཞིན་པ།

⇑ འདི་ནི་ཏ་མ་སི་ཁུའི་གྲོང་གསེབ་ཞིང་ཆེན་ཧོའུ་སའེ་དབྱིན་གྲོང་ཚོར་མི་རྣམས་ཀྱིས་རྒྱ་སེ་མེ་ཏོག་འཐུ་བཞིན་པ།

⇑ འདི་ནི་གྲོང་མིས་བཏུས་པའི་རྒྱ་སེ་མེ་ཏོག་ཁུག་མའི་ནང་བླུགས་བཞིན་པ།

ལོ་རེའི་ཟླ་བ་ལྔ་པ་དང་དྲུག་པ་ནི་སི་རི་ཡའི་ཏ་མ་སི་ཁུའི་རྒྱ་སེ་མེ་ཏོག་གཅིག་སྡུད་ཐོག་བསྡུ་བའི་དུས་ཚིགས་རེད། ཟས་སུ་སྤྱོད་པ་ཕུད། མི་རྣམས་ཀྱིས་བཏུས་པའི་རྒྱ་སེ་མེ་ཏོག་ལས་སྣོན་ཞིབ་ཚགས་བྱས་ཏེ། རྒྱ་སེ་མེ་ཏོག་སྐམ་པོ་དང་རྒྱ་སེ་མེ་ཏོག་གི་བཅུད་སྣུམ་སོགས་ཀྱི་ཐོན་རྫས་བཟོ་བའི་ཐད་སྤྱོད་ཀྱི་ཡོད། ཏ་མ་སི་ཁུའི་རྒྱ་སེ་མེ་ཏོག་ལ་འཕྲོད་སྦྱོར་གྱི་རིན་ཐང་དང་དཔལ་འབྱོར་གྱི་རིན་ཐང་ཅུང་ཆེན་པོ་ལྡན་པས་ས་གནས་དེ་གའི་དཔལ་འབྱོར་སྐྱེ་དངོས་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། སི་རི་ཡའི་འབྲེལ་ཡོད་སྡེ་ཚན་གྱིས་དགེ་མཚན་ལྡན་པའི་བྱ་ཐབས་སྤྱད་དེ་འདེབས་འཛུགས་རྒྱ་ཁྱོན་ཆེ་རུ་དང་རྒྱ་སེ་མེ་ཏོག་ཐོན་རྫས་ཀྱི་ཐོན་ལས་འཕེལ་རྒྱས་བཏང་ནས་དམངས་ཚོགས་ཕྱུག་འགྱུར་ཐུབ་པར་སྐུལ་ཁྲིད་བྱས་ཡོད། སི་རི་ཡའི་ཞིང་ལས་སྡེ་ཚན་གྱི་གྲངས་གཞི་གསར་ཤོས་ལ་གཞིགས་ན། 2024ལོར་ཏ་མ་སི་ཁུའི་རྒྱ་སེ་མེ་ཏོག་འདེབས་ཁྱོན་དེ་2023ལོའི་སྤྱི་ཆིང་500ཡི་རྨང་གཞིའི་ཐོག་སྤྱི་ཆིང་122འཕར་བ་རེད།

འདི་ག་ཚགས་པར་གྱི་གསར་འགོད་པ་ཞུའེ་ཏན་གྱིས་པར་བླངས་པ་དང་གནས་ཚུལ་སྤེལ་བ།