འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་16ཉིན་གློག་འཕྲིན་འབྱོར་གསལ། མི་སྤྱི་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། མིག་སྔར་རྒྱལ་ཡོངས་ཀྱི་གློག་རྡུལ་སྤྱི་ཚོགས་འགན་སྲུང་གཱ་སྤྱོད་མཁན་མི་གྲངས་དུང་ཕྱུར་10ལས་བརྒལ་བ་དང་། གློག་རྡུལ་སྤྱི་ཚོགས་འགན་སྲུང་གཱ་ལ་རྒྱལ་ཡོངས་ཀྱི་ཞབས་ཞུའི་རྣམ་གྲངས་100དང་གཏོཌ་ཁོངས་ཀྱི་ཞབས་ཞུའི་རྣམ་གྲངས་1000ལྷག་ཙམ་སྒྲུབ་པའི་ནུས་པ་ལྡན་ལ་ཞབས་ཞུའི་ཐབས་ལམ་432ཡོད་ཅིང་། རིམ་རྩིས་བྱས་ན་མི་ཐེངས་དུང་ཕྱུར་500ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད་པ་རེད།
སྤྱི་ཚོགས་འགན་བཅོལ་གཱ་ལ་གཱ་ལེབ་དང་གློག་རྡུལ་གཱ་རིགས་གཉིས་ཡོད། འདི་ལོའི་ཟླ་3པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་གཱ་ལེབ་སྤྱོད་མཁན་དུང་ཕྱུར་13.8ཟིན་པ་དང་མི་འབོར་98%ལ་ཁྱབ་ཡོད་པ་རེད། གློག་རྡུལ་སྤྱི་ཚོགས་འགན་བཅོལ་གཱ་ལག་ཐོགས་ཁ་པར་ནས་ལེན་ཆོག་པ་མ་ཟད། སྤྱིར་ན་དེའི་བྱེད་ནུས་སོགས་གང་ཅིའི་ཐད་སྤྱི་ཚོགས་འགན་བཅོལ་གཱ་ལེབ་དང་གཅིག་པ་ཡིན་ཞིང་། རྩ་གཉིས་ཨང་རྟགས་བཤེར་ན་སྤྱོད་ཆོག དེའང་ལག་ཐོགས་ཁ་པར་ནས་ཐད་ཀར་དྲ་ཐོག་ནས་གཉེར་ཆོག་གི་ཡོད། སྤྱི་ཚོགས་འགན་བཅོལ་གཱ་ཡིས་དམངས་ལ་སྟབས་བདེ་སྐྲུན་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་ཆེད། མི་སྤྱི་པུས་དེ་གོང་བརྡ་ཐོ་བཀྲམ་ནས་སྤྱི་ཚོགས་འགན་བཅོལ་གཱ་ཡིས་གྲོང་མིར་ཞབས་འདེགས་ཞུ་བའི“གཱ་གཅིག་ཀུན་འཐུས”འཛུགས་སྐྱོང་ལ་སྐུལ་འདེད་གང་མགྱོགས་བཏང་སྟེ། 2027ལོར་སླེབས་སྐབས་དམངས་འཚོའི་ཞབས་ཞུའི་ཁྱབ་ཁོངས་སུ་སྤྱི་ཚོགས་འགན་བཅོལ་གཱ་རྒྱ་ཁྱབ་ངང་སྤྱོད་ཐུབ་པ་དང་རྒྱལ་ཡོངས་སུ“གཱ་གཅིག་ཀུན་འཐུས”གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་ལུགས་བཏོན་པ་རེད།
གོམ་སྟབས་རྗེས་མར་ལས་སྒོ་ཡོངས་དང་། སྡེ་ཚན་མི་འདྲ་བ། ས་ཁུལ་མི་འདྲ་བ་བཅས་སུ་གཱ་སྤྱོད་ཐུབ་པར་སྐུལ་འདེད་གང་མགྱོགས་བཏང་སྟེ། སྨན་བཅོས་སྨན་ཉོ་དང་། འགྲིམ་འགྲུལ་ཕྱིར་སྐྱོད། རིག་གནས་ཉམས་ལེན་སོགས་ཁྱབ་ཁོངས་སུ་སྤྱི་ཚོགས་འགན་བཅོལ་གཱ་སྤྱོད་རྒྱ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། དངུལ་ཁང་དང་། སྦྲག་སྲིད་ཅུས། གཞི་རིམ་ལས་སྟེགས་སོགས་གཤམ་སྐྱོད་ཀྱི་ཞབས་ཞུར་བརྟེན་ནས་དམངས་ཕན་ཞབས་ཞུའི་ཁྱབ་ཁོངས་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། ཞབས་ཞུ་དེ་བས་མང་བ་ཐག་ཉེ་སར་སྒྲུབ་པ་དང་། ས་ཚིགས་མང་པོར་སྒྲུབ་པ། མགྱོགས་མྱུར་སྒྲུབ་པ་བཅས་མངོན་འགྱུར་ཐུབ་པར་བྱ་རྒྱུ་རེད།
(སྐལ་མཆོག་གིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)