03

ཀྲུང་གོའི་ཁེ་ལས་ཀྱིས་ཐ་ཇིག་སི་ཐན་དུ་ཨེ་ཤེ་ཡ་དབུས་མའི་ས་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་དཔེ་སྟོན་རང་བཞིན་གྱི་གླིང་ཁུལ་བསྐྲུན་པ། 2024年06月15日

ཀྲུང་གོའི་ཁེ་ལས་ཀྲུང་ཐའེ་ཚོགས་པས་ཐ་ཇིག་སི་ཐན་གྱི་ཧ་ཐེ་ལུང་ཀྲོའུ་རུ་ཨེ་ཤེ་ཡ་དབུས་མའི་ས་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་དང་ཐོན་ལས་སྡེ་ཚན་ཆ་ཚང་ཤོས་ཀྱི་དཔེ་སྟོན་གླིང་ཁུལ་ཏེ། ཀྲུང་ཐའེ་དར་གོས་ལམ་བུ་གསར་པའི་ཐ་ཇིག་སི་ཐན་གྱི་ཞིང་ལས་འཁལ་འཐག་ཐོན་ལས་གླིང་མ་དངུལ་བཏང་ནས་བསྐྲུན་པ་རེད། སྲིང་བལ་འདེབས་འཛུགས་དང་ཀོ་བ་ལས་སྣོན་ནས་འཁེལ་འཐག་དང་། ཚོས་རྒྱག་པ། གྱོན་ཆས་བཟོ་བ་བཅས་བར་ཐོན་ལས་གླིང་གིས་ཐ་ཇིག་སི་ཐན་གྱི་སྲིང་བལ་འདེབས་འཛུགས་ལག་རྩལ་མཐོ་རུ་འགྲོ་རྒྱུར་སྐུལ་ཁྲིད་བྱས་པ་མ་ཟད། ཐ་ཇིག་སི་ཐན་གྱི་འཁལ་འཐག་བཟོ་ལས་འཕེལ་རྒྱས་འགྲོ་བར་རམ་འདེགས་ཀྱང་བྱས་ཡོད།

པར①ནི་ས་གནས་དེ་གའི་བཟོ་པས་སྐུད་པ་བརྒྱུ་བཞིན་པ།

པར②ནི་ཁབ་བསླས་འཁོར་ཁང་དུ་ས་གནས་དེ་གའི་བཟོ་པས་སྐུད་པ་མཐུད་བཞིན་པ།

པར③ནི་ས་གནས་དེ་གའི་བཟོ་པས་འཚེམ་འཁོར་རྒྱག་བཞིན་པ།

པར④ནི་འཚེམ་འཁོར་ཁང་གི་ཟུར་ཞིག་ཡིན་པ།