02

པེ་ཅིང་གིས་ཆེད་དོན་བྱ་སྤྱོད་སྤེལ་ནས་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་ལ་འགན་ལེན་བྱེད་པ། 2024年06月14日

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པས་པེ་ཅིང་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་ཟླ་4ཚེས་25ཉིན་ནས་ཟླ་9ཚེས་30ཉིན་བར། པེ་ཅིང་གྲོང་ཁྱེར་གྱིས“པེ་ཅིང་གི་གླ་ཆ་བརྟན་པོ་འགན་ལེན”གྱི་དབྱར་དུས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། “པེ་ཅིང་གི་གླ་ཆ་བརྟན་པོ་འགན་ལེན”གྱི་དབྱར་དུས་ཀྱི་ཆེད་དོན་བྱ་སྤྱོད་ཀྱིས་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་གཙོ་གནད་དུ་བྱས་ནས་ངལ་རྩོལ་གན་རྒྱ་འཇོག་པ་དང་། ལས་མིའི་གླ་ཆ་སྤྲོད་པ་སོགས་འགག་རྩའི་བརྒྱུད་རིམ་ལ་དོ་སྣང་ཆེན་པོ་བྱས་ཏེ《ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་འགན་ལེན་སྲོལ་ཡིག》དང་དེ་བཞིན་འབྲེལ་ཡོད་སྲིད་ཇུས་དག་འཛུགས་སྐྲུན་བྱེད་རིང་གི་ལས་གྲྭའི་རྣམ་གྲངས་དང་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་ཀྱི་བརྒྱུད་རིམ་ཁག་ལ་ཁྱོན་ཡོངས་ནས་ཁྱབ་པར་སྐུལ་འདེད་བཏང་ནས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་འབྱུང་རྩ་ནས་བཅོས་སྒྲིག་བྱ་རྒྱུར་སྐུལ་མ་བཏང་བ་རེད།

(བདེ་སྐྱིད་དབང་མོས་བསྒྱུར། བདེ་དབང་དང་བུ་ཁྲིད་ཀྱིས་ཞུས)