འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། མིག་སྔར་རང་རྒྱལ་གྱི་དབྱར་བསྡུའི་ལས་དོན་དེ་ལྷོ་ནས་བྱང་དུ་གཞི་ཁྱོན་ཆེན་པོས་སྤེལ་བཞིན་ཡོད་པ་དང་དབྱར་ཁའི་འདེབས་གཉེར་ལ་མུ་མཐུད་སྐུལ་འདེད་གཏོང་བཞིན་ཡོད། གསར་འགོད་པས་ཀྲུང་གོ་མཁོ་ཚོང་ཚོགས་པ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་5པའི་ཟླ་སྨད་ནས་བཟུང་། ཚོགས་པས་རིམ་རྩིས་བྱས་ན་གཞི་རིམ་གྱི་ཞིང་ལས་ཞབས་ཞུའི་ས་ཚིགས་ཁྲི་2ལྷག་ཙམ་དང་ཞབས་ཞུ་བ་1400ལྷག་ཙམ་ཉིན་ཤས་བསྟུད་མར་ཞིང་ཁར་མངགས་ཤིང་། ཁོང་ཚོས་ཞིང་འཕྲུལ་400ཙམ་བཏང་ནས“དབྱར་གསུམ”གྱི་ཐོན་སྐྱེད་ལ་ཞབས་འདེགས་ཞུ་བཞིན་ཡོད་པ་རེད།
ཞིང་ལས་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པར། མིག་སྔར་རྒྱལ་ཡོངས་ཀྱི་གྲོ་བརྔ་བསྡུའི་ལས་ཀ་བཅུ་ཆ་བརྒྱད་ཙམ་ལེགས་གྲུབ་ཟིན་ཡོད་པ་རེད། ས་གནས་ཁག་གི་གྲོ་ཐོན་ཁུལ་གཙོ་བོར་ཀྲུང་གོ་མཁོ་ཚོང་ཚོགས་པས་ཞིང་ལས་ཞབས་ཞུའི་ས་ཚིགས་སྣ་ཚོགས་སྒྲིག་འཛུགས་བྱས་ཏེ། མི་སྣ་དང་། སྒྲིག་ཆས། མ་དངུལ་སོགས་ཀྱི་བཀོད་གཏོང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་གྲོ་བསྡུ་དགོས་རིགས་ཚང་མ་བསྡུ་ཐུབ་པའི་འགན་ལེན་བྱས་པ་རེད། “མིག་སྔར་དབྱར་འབྲུ་ཉོ་སྒྲུབ་ཀྱི་གྲ་སྒྲིག་ལས་དོན་ཁག་སྤྱིར་ན་ལེགས་གྲུབ་ཟིན་ཡོད། ཧོ་ནན་དང་ཧུའུ་པེ་ཞིང་ཆེན་གཉིས་ཀྱི་གྲོ་ཐོན་ཁུལ་གཙོ་བོའི་གྲོ་ཉོ་སྒྲུབ་བྱེད་ཚད་ཉིན་རེར་ཆ་སྙོམས་ཏུན་4000ལས་བརྒལ་ཡོད”ཅེས་ཀྲུང་གོ་མཁོ་ཚོང་ཚོགས་པའི་ཁོངས་གཏོགས་ཀྱི་ཀྲུང་གོ་མཁོ་ཚོང་འབྲུ་སྣུམ་ཚད་ཡོད་ཀུང་སིའི་མཛོད་ཉར་ལས་སྒོའི་འགན་འཁུར་བས་ངོ་སྤྲོད་བྱས་པ་རེད།