02

ལྔ་པའི་ཚེས་ལྔའི་གུང་གསེང་རིང་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་575.2ཟིན་པ། 2024年06月14日

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་རྒྱལ་ཁབ་ཡུལ་མི་གནས་སྤོ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ལྔ་པའི་ཚེས་ལྔའི་གུང་གསེང་རིང་། རིམ་རྩིས་བྱས་ན། རྒྱལ་ཡོངས་ཀྱི་མཐའ་མཚམས་ཞིབ་བཤེར་ལས་ཁུངས་ཀྱིས་ཀྲུང་གོ་བ་དང་ཕྱི་རྒྱལ་བ་མི་ཐེངས་ཁྲི་575.2རྒྱལ་མཚམས་ནས་འཛུལ་སྒྲོལ་ཐུབ་པར་འགན་སྲུང་བྱས་ནས་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་191.7ཟིན་པ་དེ་ན་ནིང་གི་ལྔ་པའི་ཚེས་ལྔའི་གུང་གསེང་རིང་ལས་45.1%འཕར་བ་དང་། ཉིན་གཅིག་ནང་མཐའ་མཚམས་འགག་སྒོ་ནས་འཛུལ་སྒྲོལ་བྱེད་མང་ཤོས་ཀྱི་དུས་ཚོད་ནི་ཟླ་6ཚེས་8ཉིན་ཡིན་པ་དང་། དེ་དུས་མི་ཐེངས་ཁྲི་197.6ཟིན་པའི་ཁྲོད། ནང་སའི་གྲོང་མི་རྒྱལ་མཚམས་ནས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་246.6ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་25.4%འཕར་བ་དང་། ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་གྲོང་མི་མི་ཐེངས་ཁྲི་277.9ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་66.1%འཕར་བ། ཕྱི་རྒྱལ་བ་མི་ཐེངས་ཁྲི་50.7ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་57%འཕར་བ་བཅས་རེད། རྒྱལ་མཚམས་ནས་འཛུལ་སྒྲོལ་བྱེད་པའི་འགྲིམ་འགྲུལ་ཡོ་ཆས་ཁྱོན་ཁྲི་23.8(གྲུ་གཟིངས་དང་། མེ་འཁོར། རླངས་འཁོར)ལ་ཞིབ་བཤེར་བྱས་པ་དེ་ན་ནིང་གི་དུས་མཚུངས་ལས་35.2%འཕར་ཡོད། ལྔ་པའི་ཚེས་ལྔའི་གུང་གསེང་རིང་། རྒྱལ་ཡོངས་ཀྱི་འགག་སྒོ་ནས་ཕར་འགྲོ་ཚུར་འོང་བྱེད་སྐབས་བདེ་འཇགས་དང་། ཕན་ནུས་ཆེ་བ། ཤར་བགྲོད་བཅས་ཡིན་པ་རེད། (པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)