འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་མི་སྤྱི་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར། མི་སྤྱི་པུས་2024ལོའི་ཉིན་བརྒྱར་ལས་གནས་ཁྲི་སྟོང་གི་ལས་བསྡུའི་ཆེད་དོན་བྱ་སྤྱོད་སྤེལ་བ་དང“ལས་གནས་མཁོ་འདོན་འབྱུང་འགྱུར་ཁྲིད་སྟོན་བྱེད། ལང་ཚོའི་ཕུགས་འདུན་མཉམ་དུ་དོན་གཉེར་བྱེད”ཅེས་བརྗོད་དོན་གཙོ་བོར་བྱས་ཏེ་དུས་ཡུན་ཉིན་100ཡི་རིང་མཐོ་སློབ་སློབ་ཐོན་སློབ་མ་སོགས་ཚོགས་སྤྱིར་ལས་གནས་ཁྲི་སྟོང་ལྷག་ཙམ་གཅིག་སྡུད་ཐོག་མཁོ་འདོན་བྱས་ནས། མཐོ་སློབ་སློབ་ཐོན་སློབ་མ་དང་དེ་བཞིན་ངལ་རྩོལ་པ་སྣ་ཚོགས་ཀྱི་ལས་ཞུགས་ལ་རམ་འདེགས་བྱ་རྒྱུ་རེད།