01

རང་རྒྱལ་གྱིས་དེང་རབས་ཅན་གྱི་ཆར་ཆུའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་མ་ལག་མགྱོགས་མྱུར་བསྐྲུན་པ། ཆུ་དཔྱད་ས་ཚིགས་ཀྱི་དྲ་བའི་ལྟ་ཞིབ་ཚད་ལེན་ཁྱབ་ཚད་སྔར་བས་ཆེ་རུ་ཕྱིན་པ། 2024年06月14日

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཆུ་བེད་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། རང་རྒྱལ་གྱིས་དེང་རབས་ཅན་གྱི་ཆར་ཆུའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་མ་ལག་འཛུགས་པར་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་2023ལོར་ཆུ་དཔྱད་ས་ཚིགས་2290དང་ཆར་ཆུ་བབས་ཚད་བརྟག་དཔྱད་ས་ཚིགས་2866གསར་དུ་བསྐྲུན་ནས་ཆུ་དཔྱད་ས་ཚིགས་ཀྱི་དྲ་བའི་ལྟ་ཞིབ་ཚད་ལེན་ཁྱབ་ཚད་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད། མིག་སྔའི་བར། ཆུ་བེད་མ་ལག་ཏུ་ཆར་ཆུ་བབས་ཚད་འཇལ་བའི་ལེ་ཏ་ས་ཚིགས་39བསྐྲུན་ནས་གནམ་གཤིས་སྲུང་སྐར་དང་ཆར་ཆུ་བབས་ཚད་འཇལ་བའི་ལེ་ཏའི་གྲངས་གཞི་བཀོལ་སྤྱོད་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད་པ་རེད།

ཆུ་བེད་པུས་གནམ་གཤིས་སྲུང་སྐར་དང་། ཆར་ཆུ་བབས་ཚད་འཇལ་བའི་ལེ་ཏས་ཆར་པ་འབབ་པའི་སྔོན་བརྡ་གཏོང་བའི་དཔེ་དབྱིབས། ཆུ་དཔྱད་ཀྱི་དཔེ་དབྱིབས། ཆུ་ལོག་གི་ཆུའི་སྒུལ་ཤུགས་རིག་པའི་དཔེ་དབྱིབས་བཅས་ལས་གྲུབ་པའི“འགོག་སྲུང་འཛིང་རགས་དང་པོ”དང་། ཆར་ཆུ་བབས་ཚད་འཇལ་བའི་ས་ཚིགས་ཀྱི་ཆུ་དཔྱད་དཔེ་དབྱིབས་དང་ཆུ་ལོག་གི་ཆུའི་སྒུལ་ཤུགས་རིག་པའི་དཔེ་དབྱིབས་ལས་གྲུབ་པའི“འགོག་སྲུང་འཛིང་རགས་གཉིས་པ”ཆུ་དཔྱད་ས་ཚིགས་ཀྱི་ཆུ་ལོག་འཕེལ་རིམ་གྱི་ཆུའི་སྒུལ་ཤུགས་རིག་པའི་དཔེ་དབྱིབས་ལས་གྲུབ་པའི“འགོག་སྲུང་འཛིང་རགས་གསུམ་པ”བཅས་བསྐྲུན་ནས། ཉེན་བརྡ་གཏོང་བ་དང་། ཉེན་ཟོན་སྔོན་བརྡ་གཏོང་བ། གྲ་སྒྲིག་བྱེད་པ། སྔོན་ཇུས་ནང་སྦྱོང་བྱེད་པ་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ཆུ་ལོག་གནོད་འཚེ་སྔོན་འགོག་དང་། ཆུའི་ཐོན་ཁུངས་དོ་དམ་དང་བཀོད་སྒྲིག དེ་བཞིན་ཆུ་བེད་ཀྱི་ལས་སྒོའི་ཁྱབ་ཁོངས་གཞན་དག་གི་ཐབས་ཇུས་དོ་དམ་ལ་མ་འོངས་སྔོན་མཐོང་རང་བཞིན་དང་། ཚན་རིག་རང་བཞིན། གནད་འཁེལ་རང་བཞིན། བདེ་འཇགས་རང་བཞིན་བཅས་ཀྱི་རྒྱབ་སྐྱོར་བྱས་ཡོད།