ཉེ་ཆར་ཞུས་ཀུང་པར་ཙིར་བཟོ་སྐྲུན་ཚད་ཡོད་ཀུང་སི་བཙུགས་ནས་ལོ་10སོང་བ་དང་ཐོན་རྫས་23456ཐོན་སྐྱེད་ལེགས་གྲུབ་བྱུང་བའི་མཛད་སྒོ་པར་ཙིར་གྱི་སྨི་ན་སི་ཅི་ལ་སི་ཀྲོའུ་པཱོ་སུའུ་ཨ་ལའེ་ཀེ་ལི་གྲོང་ཁྱེར་གྱི་ཐོན་སྐྱེད་རྟེན་གཞིར་འཚོགས་ཡོད།
པཱོ་སུའུ་ཨ་ལའེ་ཀེ་ལི་གྲོང་ཁྱེར་གྱི་ཧྲི་ཀྲང་ཧོ་སའེ·ཏི་མ་སི·ཞིར་ཝ་ཡིས་མཛད་སྒོའི་ཐོག་ཀྲུང་གོའི་ཁེ་ལས་ཀྱིས་ལག་རྩལ་རྩེ་གྲ་བསླབས་པ་མ་ཟད། ད་དུང་ས་གནས་དེ་གར་བྱང་ཚད་མཐོ་བའི་ངལ་རྩོལ་པ་མང་པོ་གསོ་སྐྱོང་བྱས་པས་གྲོང་ཁྱེར་གྱི་མ་འཇོག་འགུགས་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།
པར་①ནི་རྒྱལ་ཁོངས་པར་ཙིར་ནས་ཡིན་པའི་བཟོ་པ་ཞིག་གིས་ཐོན་རྫས་སྒྲིག་སྦྱོར་དང་སྙོམས་སྒྲིག་ཚོད་ལྟ་བྱེད་བཞིན་པ།
པར་②ནི་ཞུས་ཀུང་པར་ཙིར་བཟོ་སྐྲུན་ཚད་ཡོད་ཀུང་སིའི་ཐོན་སྐྱེད་རྟེན་གཞིར་ཐོན་སྐྱེད་བྱས་ཟིན་པའི་སྒྲིག་ཆས་ཁག་གཅིག་ཚོང་ཤག་ལ་རྩིས་སྤྲོད་བྱེད་བཞིན་པ།