02

ཧུའུ་ནན་གྱིས་བྱ་ཐབས་བཏོན་ནས་སློབ་གྲྭ་ཆེ་མོ་བས་ལས་གཏོད་བྱེད་པར་སྐུལ་ལྕག་བཏང་བ། 2024年06月09日

འདི་ག་ཚགས་པར་ཁང་དུ་ཁྲང་ཧྲ་ནས་ཟླ་6ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ཧུའུ་ནན་ཞིང་ཆེན་མི་སྤྱི་ཐིང་ནས་ཤེས་རྟོགས་བྱུང་བར། ཧུའུ་ནན་ཞིང་ཆེན་མི་སྤྱི་ཐིང་དང་། ནོར་སྲིད་ཐིང་། སློབ་གསོ་ཐིང་བཅས་ཀྱིས་མཉམ་འབྲེལ་ཐོག《སློབ་གྲྭ་ཆེ་མོ་བས་ལས་གཏོད་ལས་ཞུགས་བྱེད་པར་སྔར་བས་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག》(གཤམ་དུ《བྱ་ཐབས་འགའ་ཞིག》ཅེས་བསྡུ་རྒྱུ)བཏོན་པ་དང་། ཕྱོགས་ལྔ་ནས་བྱ་ཐབས་ཁག་16བཏོན་ཏེ་སློབ་གྲྭ་ཆེ་མོ་བའི་ལས་གཏོད་ལས་ཞུགས་ལ་རྒྱབ་སྐྱོར་བྱས་པ་རེད།

སློབ་གྲྭ་ཆེ་མོ་བའི་ལས་གཏོད་ཀྱི་ཐོག་མའི་དུས་མཚམས་སུ་མི་ཤུགས་ཐོན་ཁུངས་ཐད་མ་འདང་སའི་གནད་དོན་ལ་དམིགས་ཏེ། 《བྱ་ཐབས་འགའ་ཞིག》ནང་མཐོ་སློབ་ཀྱི་ཚན་ཞིབ་མི་སྣ་དང་སློབ་མ་མཉམ་དུ་ལས་གཏོད་བྱེད་པར་སྐུལ་ལྕག་བཏང་ཞིང་། དེའང་མཐོ་སློབ་ཀྱི་ཚན་ཞིབ་མི་སྣས་ལས་གནས་ལས་ཁ་བྲལ་ཏེ་སློབ་མ་དང་མཉམ་དུ་ཁེ་ལས་གཉེར་ན། ལས་གནས་ལས་ཁ་བྲལ་བའི་ལས་གཏོད་རེ་ཞུ་ཐེངས་1བྱེད་ཆོག་ལ་དུས་ཡུན་རིང་ཤོས་ལོ་གསུམ་ལས་བརྒལ་མི་རུང་བ་དང་མི་དོན་འབྲེལ་བ་ལོ་3ནང་ཚུན་སོར་འཇོག་བྱེད་ཆོག མཐོ་སློབ་ཀྱི་ཚན་ཞིབ་མི་སྣས་ལས་ཐོག་ཏུ་སློབ་མ་དང་མཉམ་དུ་ཁེ་ལས་གཉེར་ན། ལས་གཏོད་བྱེད་རིང་ལས་ཀའི་གོ་མིང་དཔྱད་ཞིབ་དང་། རྣམ་གྲངས་རེ་ཞུ། ལས་གནས་འགྲན་རྩོད་གདན་ཞུ། གསོ་སྦྱོང་། དཔྱད་ཞིབ། བྱ་དགའ་སྤྲོད་པ་སོགས་ཕྱོགས་ཁག་གི་དབང་ཆ་མུ་མཐུད་ལོངས་སྤྱོད་བྱེད་ཆོག་ལ། གླ་ཕོགས་དང་སྤྱི་ཚོགས་འགན་བཅོལ་སོགས་བདེ་རྩ་དང་ཐོབ་ཐང་ཁག་ལ་ཤུགས་རྐྱེན་ཐེབས་ཀྱི་མེད་པ་རེད།

(ཟླ་ཕུར་གྱིས་བསྒྱུར། ལྷ་དབང་གིས་ཞུས)