02

ཟླ་བའི་ལྷ་མོ་ཨང་དྲུག་པས། ཟླ་བའི་གོ་ལའི་འཁོར་ལམ་དུ་འབྲེལ་མཐུད་དང་འཁོར་ལམ་དུ་མ་དཔེ་དབོར་སྐྱེལ་ལེགས་གྲུབ་བྱུང་བ། 2024年06月09日

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་6ཉིན་གྱི་ཆུ་ཚོད་14དང་སྐར་མ་48ཙམ་ལ་ཟླ་བའི་ལྷ་མོ་ཨང་6པའི་དགུང་འཕུར་ཡོ་བྱད་དེ་འཁོར་ལམ་ཡོ་བྱད་དང་ཕྱིར་ལོག་ཡོ་བྱད་ཀྱི་སྡེབ་སྒྲིག་ཕུང་པོ་དང་ཟླ་བའི་གོ་ལའི་འཁོར་ལམ་དུ་འབྲེལ་མཐུད་ལེགས་གྲུབ་བྱུང་བ་དང་འབྲེལ། ཆུ་ཚོད་15དང་སྐར་མ་24ཡི་ཐོག་ཟླ་བའི་གོ་ལའི་མ་དཔེའི་སྣོད་ཆས་བདེ་འཇགས་ངང་ཕྱིར་ལོག་ཡོ་བྱད་ནང་དབོར་སྐྱེལ་བྱས་པ་རེད། དེ་ནི་རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་འཕྲུལ་ཆས་ཟླ་བའི་ལྷ་མོ་ཨང་ལྔ་པའི་རྗེས་ཟླ་བའི་གོ་ལའི་འཁོར་ལམ་དུ་འབྲེལ་མཐུད་མངོན་འགྱུར་བྱེད་ཐེངས་གཉིས་པ་ཡིན་པ་རེད།

དེའི་རྗེས་ལ་ཟླ་བའི་ལྷ་མོ་ཨང་དྲུག་པའི་འཁོར་ལམ་ཡོ་བྱད་དང་ཕྱིར་ལོག་ཡོ་བྱད་ཀྱི་སྡེབ་སྒྲིག་ཕུང་པོ་དགུང་འཕུར་ཡོ་བྱད་དང་ཁ་གྱེས་ནས་ཟླ་སྐོར་སྒུག་སྡོད་དུས་མཚམས་སུ་སླེབས་ཏེ། གོ་སྐབས་དང་བསྟུན་ནས་ཟླ་བ་དང་སའི་གོ་ལའི་དབོར་སྐྱེལ་འཁོར་ལམ་ཚོད་འཛིན་བྱ་རྒྱུའི་གྲ་སྒྲིག་བྱེད་པ་དང་ཟླ་བ་དང་སའི་གོ་ལའི་དབར་དབོར་སྐྱེལ་དང་འཁོར་ལམ་ཡོ་བྱད་དང་ཕྱིར་ལོག་ཡོ་བྱད་ཁ་གྱེས་པ་སོགས་ཀྱི་འགག་རྩའི་གོམ་སྟབས་བརྒྱུད་རྗེས། འཆར་གཞི་ལྟར་ཕྱིར་ལོག་ཡོ་བྱད་ཀྱིས་ཟླ་བའི་གོ་ལའི་མ་དཔེ་ཁྱེར་ཏེ་ནང་སོག་སི་ཙི་ཝང་ཆི་འཇིག་རྟེན་འཕུར་སྐྱོད་བབས་ཐང་དུ་འབབ་རྒྱུ་ཡིན་པ་རེད།