འདི་ག་ཚགས་པར་ཁང་དུ་ལུའོ་དབྱང་ནས་ཟླ་6ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། “སྡེ་ཁུལ་དང་སྤྱི་གླིང་དུ་ཕིང་ཕང་སྤོ་ལོ་རྒྱག་པའི”སྤྱི་ཕན་བྱ་སྤྱོད་བྱེད་སྒོ་ཧོ་ནན་ལུའོ་དབྱང་དུ་གཉེར་ཞིང་། ཕིང་ཕང་སྤོ་ལོའི་འཛམ་གླིང་གི་ཨང་དང་པོ་ཁྲང་ཁྲེན་ཁྲེན་དང་ཨོ་རྩལ་འགྲན་ཚོགས་ཐོག་གི་ཐེ་ཆོན་ཏའོ་དྲག་རྩལ་གྱི་ཨང་དང་པོ་ཀྲོའུ་ཧྲོའེ་གཉིས་ཀྱིས་གཞོན་ནུ་ལོ་ཆུང་ཚོ་དང་ས་གནས་ས་ཐོག་ཏུ་མཉམ་འགུལ་བྱས་ནས་ལུས་རྩལ་རིག་གནས་ཁྱབ་སྤེལ་དང་ལུས་རྩལ་གྱི་དགའ་སྤྲོ་མཉམ་སྤྱོད་བྱས་པ་རེད།
ཐེངས་འདིའི་བྱེད་སྒོ་ནི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་མང་ཚོགས་ལུས་རྩལ་སིས་མཛུབ་ཁྲིད་དང་། ཀྲུང་གོ་ལུས་རྩལ་ཚགས་པར་ལས་རིགས་སྤྱི་ཁྱབ་ལས་ཁུངས་ཚད་ཡོད་ཀུང་སི་དང་། ཧོ་ནན་ཞིང་ཆེན་ལུས་རྩལ་ཅུས། ལུའོ་དབྱང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་ཤིང་། “སྡེ་ཁུལ་དང་སྤྱི་གླིང་དུ་ཕིང་ཕང་སྤོ་ལོ་རྒྱག་པའི”བྱེད་སྒོ་2023ལོའི་ཟླ་དྲུག་པར་སྤེལ་འགོ་ཚུགས་པ་ནས་2023ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི་ཁུལ་ཆུང་རྙིང་གྲས་8489དང་གྲོང་ཁྱེར་གྱི་སྤྱི་གླིང་3768དུ་བྱེད་སྒོ་དེ་སྤེལ་བ་དང་རིམ་རྩིས་བྱས་ན་ཕིང་ཕང་སྤོ་ལོའི་སྒྲོམ་སྟེགས་11944གསར་དུ་བསྣན་ཡོད་པ་རེད།
(དམ་ཆོས་མི་ཕམ་གྱིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)