03

2024年06月07日

སོ་ཏི་ཨ་རབ་ཀྱི་རྒྱལ་པོ་སཱ་ལེ་མན་རྒྱལ་སྤྱིའི་ཕྱོགས་བསྡུས་གྲུ་ཁའི་ལས་དོན་སྒྲིག་བཀོད་རྣམ་གྲངས་ནི་སོ་ཏི་ཨ་རབ་ཀྱི་ཤར་རྒྱུད་པོ་སི་དབན་མཚོ་འགྲམ་གྱི་སོ་ཏི་ཨ་རབ་ཀྱི་གྲོང་ཁྱེར་ཆེ་གྲས་གསུམ་པ་ཏཱ་མན་བྱང་ངོས་ཀྱི་སྤྱི་ལེ་180ཙམ་གྱི་སར་ཡོད་པའི་ལཱ་སི་ཧེར་བཟོ་ལས་ཁུལ་དུ་གནས་ཡོད། རྣམ་གྲངས་དེ་ནི་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཧྲན་ཏུང་གློག་ཤུགས་འཛུགས་སྐྲུན་ཚད་ཡོད་ཀུང་སིས་རྣམ་གྲངས་ཆ་ཚང་འགན་གཙང་བླངས་པ་དང་། 2019ལོའི་ཟླ་བཅུ་གཉིས་པར་སྐྲུན་འགོ་ཚུགས་ཤིང་། སྔོན་དཔག་བྱས་ན་ད་ལོ་ཁྱོན་ཡོངས་རྩིས་སྤྲོད་ཐུབ་རྒྱུ་རེད། རྣམ་གྲངས་དེ་བསྐྲུན་རྫེས་གཙོ་བོ་གྲུ་གཟིངས་དང་དེ་བཞིན་ཁྲོན་འབིགས་ལས་སྟེགས་སྐྲུན་པ་དང་། བདག་སྐྱོང་། ཉམས་བཟོ་བཅས་ཀྱི་ལས་དོན་སྒྲུབ་རྒྱུ་ཡིན་པ་དང་། སྔོན་དཔག་བྱས་ན་སོ་ཏི་ཨ་རབ་ཀྱི་དཔལ་འབྱོར་ལ་སྐུལ་མ་ཐེབས་ནས་ཨ་སྒོར་དུང་ཕྱུར་170འཕར་རྒྱུ་མ་ཟད། ད་དུང་ལས་ཞུགས་གོ་སྐབས་ཁྲི་8བཏོད་དེ། སོ་ཏི་ཨ་རབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་ཐུབ་རྒྱུ་ཡིན་པ་རེད།

⇑ འདི་ནི་རྒྱལ་པོ་སཱ་ལེ་མན་རྒྱལ་སྤྱིའི་ཕྱོགས་བསྡུས་གྲུ་ཁའི་ལས་དོན་སྒྲིག་བཀོད་རྣམ་གྲངས་བསྐྲུན་ཡུལ་ཡིན་པ།

⇒ འདི་ནི་བཟོ་པས་ཏུན་500ཡི་ལྗིད་འདེགས་འཕྲུལ་འཁོར་གྱི་མདུན་དུ་ལས་ཀ་བྱེད་བཞིན་པ།