འདི་ག་ཚགས་པར་ཁང་དུ་ཀན་ཀྲོའུ་ནས་ཟླ་6ཚེས་4ཉིན་གློག་འཕྲིན་འབྱོར་གསལ། “མགོ་རས་ཐོག་གི་ཡི་གེ་ཚང་མ་གཞུག་ནས་ཡར་སླ་དགོས་ཀྱི་ཡོད”ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་ལུང་ནན་གྲོང་ཁྱེར་ཐའོ་ཅང་སློབ་གྲྭར་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ལུང་ནན་ཁེ་ཅ་ཏུང་མགོ་རས་བསླས་འཐག་ལག་རྩལ་གྱི་རྒྱུན་འཛིན་པ་ལེའོ་ཆིའུ་ཧྭ་ཡིས་སློབ་མར་མགོ་རས་སླ་སྟངས་སློབ་བཞིན་མཆིས།
2023ལོའི་ཟླ་3པར་ལེའོ་ཆིའུ་ཧྭ་ཅང་ཤིས་ཁོར་ཡུག་ལས་གྲྭ་ལས་རིགས་སློབ་གླིང་གི་ནུས་རྩལ་སློབ་དཔོན་དུ་གདན་དྲངས་པ་དེ་ནི་ལུང་ནན་ཁེ་ཅ་བསླས་འཐག་ལག་རྩལ་དེ་སློབ་ཆེན་གྱི་སློབ་ཚན་ནང་ཐོག་མར་བཅུག་པ་དང་མཐོ་སློབ་ཀྱི་ཆེད་ལས་སློབ་ཚན་ཞིག་ཏུ་གྱུར་བ་ཞིག་རེད། མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་རྒྱུན་འཛིན་ལ་སྔར་བས་སྐུལ་འདེད་གཏོང་ཆེད། ལུང་ནན་གྲོང་ཁྱེར་གྱིས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་མཐུན་ཚོགས་བཙུགས་པ་དང་དེང་རབས་ཀྱི་དགེ་ཕྲུག་ལམ་ལུགས་བཙུགས་ཡོད། མིག་སྔའི་བར་ལུང་ནན་གྱིས་ཤང་དང་གྲོང་རྡལ་དུ་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གྱི་རྒྱུན་འཛིན་ལྟ་སྦྱོང་ཁང་15བཙུགས་པ་དང་། སྲོལ་རྒྱུན་གྲོང་ཚོར་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ས་ཚིགས་9བསྐྲུན་པ། ལོ་ལྟར་མངོན་མིན་རིག་གནས་ཤུལ་བཞག་གི་ཤེས་ལྡན་པ་མི་ཐེངས་1600ལྷག་ཙམ་ལ་གསོ་སྦྱོང་བྱེད་ཀྱི་ཡོད།