03

ཕྱི་རྒྱལ་གྱི་སློབ་མར“ཀྲུང་གོའི་སྐར་ཁུང”ཕྱེ་བ། 2024年06月05日

ཞ་མོན་སློབ་ཆེན་གྱི་མ་ལེ་ཞི་ཡ་ཡན་ལག་སློབ་གྲྭས་2015ལོར་སློབ་མ་བསྡུ་འགོ་ཚུགས་པ་ནས་བཟུང་། རྒྱལ་ཁབ་དང་ས་ཁུལ་40ལྷག་ཙམ་ནས་ཡོང་བའི་སློབ་མ་ཁྲི་1.2ལྷག་ཙམ་དེ་གར་སློབ་གཉེར་དུ་ཡོང་ཡོད། ESIཡི་བསྡོམས་རྩིས་གསར་ཤོས་ལ་གཞིགས་ན། ཞ་མོན་སློབ་ཆེན་གྱི་མ་ལེ་ཞི་ཡའི་སློབ་གྲྭའི་དགེ་སློབ་ཀྱིས་སྤེལ་བའི་དཔྱད་རྩོམ་ཚང་མའི་ལུང་དྲངས་ཚད་མ་ལེ་ཞི་ཡའི་མཐོ་སློབ་ཀྱི་ཨང་དང་པོར་སླེབས་ཡོད། སློབ་གྲྭའི་རིག་ཚན་གཙོ་བོ་སྟེ་དཔེར་ན་ཨེ་ཤེ་ཡ་ཤར་ལྷོ་ཞིབ་འཇུག་དང་། རྒྱ་མཚོའི་ཚན་རིག བཟོ་ལས་ཚན་ཁག ཚོང་ལས་ཚན་ཁག་བཅས་ལ་ཨེ་ཤེ་ཡ་ཤར་ལྷོའི་སློབ་མའི་དགའ་བསུ་ཆེན་པོ་ཐོབ་ཡོད། ཞ་མོན་སློབ་ཆེན་གྱི་མ་ལེ་ཞི་ཡ་སློབ་གྲྭས་མ་ལེ་ཞི་ཡ་གཞི་རྩར་བྱེད་པ་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་གཞི་ཚུགས་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་དང་ས་ཁུལ་ལ་ཁྱབ་འགྱེད་གཏོང་གི་ཡོད། འདི་ནི་མ་ལེ་ཞི་ཡའི་ཞུའེ་ལན་ཨེ་ཀྲོའུ་ཡི་ཞ་མོན་སློབ་ཆེན་གྱི་མ་ལེ་ཞི་ཡའི་ཡན་ལག་སློབ་གྲྭའི་སློབ་ཁྲིད་ཐོག་ཁང་ཡིན་པ།