03

“ཇ་སྟོན་བཤམས། གཤམ་འོག་མཐུན”ཞེས་པའི་བྱེད་སྒོ་བྷེ་ཨུ་རུ་སུར་གཉེར་བ། 2024年06月05日

འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་མེན་སི་ཁེ་ནས་ཟླ་6ཚེས་2ཉིན་གློག་འཕྲིན་འབྱོར་གསལ། མེན་སི་ཁེ་ནས་གནས་ཚུལ་སྤེལ་བར་གཞིགས་ན། “ཇ་སྟོན་བཤམས། གཤམ་འོག་མཐུན”ཞེས་པའི་བྱེད་སྒོ་ཟླ་6ཚེས་1ཉིན་བྷེ་ཨུ་རུ་སུའི་རྒྱལ་ས་མེན་སི་ཁེར་གཉེར་ཞིང་། ཀྲུང་གོ་དང་བྷེ་ཨུ་རུ་སུའི་ལས་རིགས་ཁག་གི་མཛའ་གྲོགས་མི་སྣ་དང་། བྷེ་ཨུ་རུ་སུར་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུང་ཚབ། དེ་བཞིན་ས་གནས་དེ་གའི་གྲོང་མི་བཅས་མི་ཐེངས་ཁྲི་3ཙམ་བྱེད་སྒོར་ཞུགས་པ་རེད། བྱེད་སྒོར་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་འགྲེམས་འཁྲབ་བྱས་པ་དང་རིག་གནས་སྤེལ་རེས་ཉམས་ལེན་འགྲེམས་སྟེགས་རབ་དང་རིམ་པ་བཙུགས་ནས་བྷེ་ཨུ་རུ་སུའི་དམངས་ཚོགས་ཀྱིས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་མྱོང་ཚོར་ཐུབ་པར་བྱས་ཡོད་པ་རེད།

(ལྷ་དབང་དང་ཟླ་ཕུར་གྱིས་སྒྱུར་ཞུས་བྱས)