ཤིན་ཧྭ་གསར་འགྱུར་ཁང་འཇར་མན་གྱི་གྲོང་ཁྱེར་ཏུའུ་སེར་ཏུའོ་ཧྥུའུ་ནས་ཟླ་5ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་པར་སྐྲུན་ལག་རྩལ་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་འཇར་མན་ཏུའུ་སེར་ཏུའོ་ཧྥུའུ་འགྲེམས་སྟོན་ཚོགས་པ་ཀུང་སིས་རྒྱབ་སྐྱོར་བྱས་པའི“པི་ཧྲེང་གི་པར་སྐྲུན་མཉམ་ལས་གླེང་སྟེགས། ཏེ་ལུའུ་པཱ་གླེང་མོལ”ཟླ་5ཚེས་31ཉིན་འཇར་མན་གྱི་ནུབ་རྒྱུད་གྲོང་ཁྱེར་ཏུའུ་སེར་ཏུའོ་ཧྥུའུ་རུ་གཉེར་བ་རེད། གླེང་སྟེགས་ཐོག“ཀྲུང་ཧྭའི་པར་སྐྲུན་གྱི་འོད་སྣང”འགྲེམས་སྟོན་བྱས་པ་རེད།
2024ལོའི་ཏེ་ལུའུ་པཱ་པར་སྐྲུན་འགྲེམས་སྟོན་ད་ལྟ་ཏུའུ་སེར་ཏུའོ་ཧྥུའུ་རུ་བྱེད་བཞིན་ཡོད་པ་རེད། ད་ཐེངས་ཀྱི་གླེང་སྟེགས་དེ་ཏེ་ལུའུ་པཱ་པར་སྐྲུན་འགྲེམས་སྟོན་རིང་གཉེར་ཞིང་། “གོ་སྐབས་གསར་པ་དང་། མཉམ་ལས་གསར་པ། འབྱུང་འགྱུར་གསར་པ”བཅས་བརྗོད་དོན་གཙོ་བོར་བྱས་ཡོད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་པར་སྐྲུན་འགྲེམས་སྤེལ་ཅུས་དང་། འཛམ་གླིང་པར་སྐྲུན་དང་བརྒྱུད་སྤེལ་གླེང་སྟེགས། ཡོ་རོབ་པར་སྐྲུན་ཐོན་ལས་མནའ་འབྲེལ་དང་ཏུའུ་སེར་ཏུའོ་ཧྥུའུ་འགྲེམས་སྟོན་ཚོགས་པ་ཀུང་སི་བཅས་ཀྱི་འགན་འཁུར་བ་དང་དེ་བཞིན་ཀྲུང་གོ་དང་ཕྱི་རྒྱལ་གྱི་པར་སྐྲུན་ལས་རིགས་ཀྱི་ཁེ་ལས་མཁས་ཅན་དང་རིགས་གཅིག་མཁས་ཅན་180ལྷག་ཙམ་གྱིས་པར་སྐྲུན་གྱི་རིག་གནས་དང་། གསར་གཏོད་འཕེལ་རྒྱས། མཉམ་ལས་ཀྱི་ལམ་བུ་འཚོལ་ཞིབ་བཅས་སྐོར་ལ་མཉམ་དུ་བགྲོ་གླེང་བྱས་པ་རེད།