03

ལོ་སིར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་དམག་དཔུང་གི་སྨན་བཅོས་རུ་ཁག་ཁག་བཅུ་པར་ལོ་སིའི་མི་དམངས་དམག་གི་གཟེངས་རྟགས་ཐོབ་པ། 2024年06月05日

འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཝན་ཐེན་ནས་ཟླ་6ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ལོ་སིར་རོགས་སྐྱོར་བྱེད་མཁན་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྨན་བཅོས་རུ་ཁག་ཁག་བཅུ་པར་ལོ་སིའི་མི་དམངས་དམག་གི་གཟེངས་རྟགས་ཐོབ་པ་དང་། གཟེངས་རྟགས་སྤྲོད་པའི་མཛད་སྒོ་ཟླ་5ཚེས་31ཉིན་ལོ་སིའི་རྒྱལ་ས་ཝན་ཐེན་དུ་འཚོགས་པ་རེད།

ལོ་སིའི་རྒྱལ་སྲུང་པུའི་པུའུ་ཀྲང་གཞོན་པ་དང་ལོ་སི་མི་དམངས་དམག་གི་སྤྱི་ཁྱབ་ཆབ་སྲིད་པུའི་ཀྲུའུ་རེན་གཅིག་ལྕོགས་ཡིན་པའི་ཐུང་ལུའོ་ཡིས་གཟེངས་རྟགས་སྤྲོད་པའི་མཛད་སྒོའི་ཐོག 2019ལོ་ནས་བཟུང་སྨན་བཅོས་རུ་ཁག་ཁག་10ལོ་སིར་སྨན་བཅོས་རོགས་སྐྱོར་གྱི་ལས་འགན་སྒྲུབ་པར་ཡོང་ནས་གསོ་རིག་ཤེས་བྱ་དང་སྨན་བཅོས་ལག་རྩལ་གསར་ཤོས་མང་པོ་ཁྱེར་ཡོད། ལོ་སིའི་འཕེལ་རྒྱས་དང་འཛུགས་སྐྲུན་ནི་ཀྲུང་གོ་དང་མཐུན་སྒྲིལ་མཉམ་ལས་བྱེད་པ་དང་ཁ་འབྲལ་ཐབས་མེད་ཅེས་བརྗོད་པ་རེད།