03

ཀྲུང་ཨུའི་མི་ཆོས་རིག་གནས་མཉམ་ལས་ཨུ་ལྷན་སྨྱན་སྦྱོར་མཉམ་ལས་ཡན་ལག་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་བདུན་པ་མོ་སི་ཁོར་འཚོགས་པ། 2024年06月05日

འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་མོ་སི་ཁོ་ནས་ཟླ་6ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་31ཉིན། ཀྲུང་ཨུའི་མི་ཆོས་རིག་གནས་མཉམ་ལས་ཨུ་ལྷན་སྨྱན་སྦྱོར་མཉམ་ལས་ཡན་ལག་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་བདུན་པ་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་རུ་འཚོགས་ཤིང་། རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་དང་གློག་བརྙན་བརྙན་འཕྲིན་སྒྲིག་གཞིའི་འཐུས་མི་50ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།

ཚོགས་འདུའི་ཐོག་ན་ནིང་ཚུན་གྱི་ཕྱོགས་གཉིས་པོའི་མཉམ་ལས་ལ་ཕྱིར་དྲན་བྱས་པ་དང་འབྲེལ་ཚད་མཐོའི་གདེང་འཇོག་ཀྱང་བྱས་ཤིང་། རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་གྱིས་གསར་འགྱུར་འཕྲིན་སྤེལ་དང་། ནང་དོན་སྤེལ་རེས། ཐོན་ལས་འཕེལ་རྒྱས་སོགས་ཐད་ཀྱི་མཉམ་ལས་ལ་མུ་མཐུད་མཉེན་ཆ་དང་གསོན་ཤུགས་མངོན་ནས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་ངོས་འཛིན་བྱས་པ་རེད། མོ་སི་ཁོ་འཛམ་གླིང་ནང་དོན་ཁྲོམ་རའི་འགྲེམས་སྟོན་གྱི་ཀྲུང་གོའི་མཉམ་འབྲེལ་འགྲེམས་སྟེགས་དང་། ཀྲུང་ཨུའི་འགུལ་རིས་ཐོན་ལས་ཀྱི་སྐད་ཆ་ཤོད་རེས་ཚོགས་འདུ། ཀྲུང་ཨུའི་བརྙན་ཐུང་འགྲན་བསྡུར་ཆེ་མོ་སོགས་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་རེད། བྱེད་སྒོ་དེ་དག་གིས་རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་དང་ཀྲུང་ཨུའི་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་འགྲོ་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།

ཕྱོགས་གཉིས་པོས་ཚོགས་འདུའི་ཟིན་བྲིས་གནད་བསྡུས་ལ་མིང་རྟགས་བཀོད་ནས་ལོ་འཁོར་རྗེས་མའི་ལས་ཀའི་འཆར་གཞི་གཏན་འཁེལ་བྱས་པ་དང་། རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་གྱིས་མཉམ་ལས་རྣམ་གྲངས་གཙོ་བོ་70ལྷག་ཙམ་ལ་མཉམ་དུ་ཇུས་འགོད་དང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།