01

པར་རིས་གསར་འགྱུར། 2024年06月05日

ཉེ་ཆར། རྒྱལ་ཁབ་གློག་དྲ་ལེའོ་ཉིང་ཞིང་ཆེན་ཐེ་ལིང་གློག་མཁོ་འདོན་ཀུང་སིས་ཐེ་ལིང་གྲོང་ཁྱེར་དབྱིན་ཀྲོའུ་ཆུས་སློབ་ཆུང་ལྔ་པ་དང་མཉམ་དུ་ནུས་རྒྱུ་གཙང་མའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། ས་གནས་ས་ཐོག་ཏུ་ལྟ་སྐོར་དང་འགྲེལ་བཤད་རྒྱག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཕྲུ་གུ་ཚོས་འོད་ཤུགས་གློག་གཏོང་དང་རླུང་ཤུགས་གློག་གཏོང་གི་ཤེས་བྱ་ཤེས་རྟོགས་ཐུབ་པར་བྱས་ཡོད། འདི་ནི་ལས་དོན་མི་སྣས་ཕྲུ་གུ་ཚོར་རླུང་ཤུགས་གློག་གཏོང་གི་རྩ་བའི་རིགས་པ་འགྲེལ་བཤད་རྒྱག་བཞིན་པ།