ཀྲུང་གོ་འབྲི་ཆུའི་འགག་གསུམ་ཚོགས་པ་ཚད་ཡོད་ཀུང་སིས་སྤེལ་བའི་གནས་ཚུལ་གཞིར་བཟུང་། འདི་ལོའི་དུས་ཚིགས་དང་པོར་ཝུའུ་ཏུང་ཏེ་དང་། པའེ་ཧོ་ཐན། ཤིས་ལུའོ་ཏུའུ། ཤང་ཅ་པཱ་ཆུ་རགས། འགག་གསུམ། ཀེ་ཀྲོའུ་པཱ་ཆུ་རགས་སོགས་སྐས་རིམ་ཆུ་ཤུགས་གློག་ཁང་ལས་གྲུབ་པའི་འཛམ་གླིང་གི་ནུས་རྒྱུ་གཙང་མའི་བར་ཁྱམས་ཆེ་ཤོས་ཀྱིས་རིམ་རྩིས་བརྒྱབ་ན་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་520ཡན་ཟིན་པ་དེས་ཚད་ལྡན་རྡོ་སོལ་ཏུན་ཁྲི་1500ལྷག་ཙམ་གྲོན་ཆུང་ཐུབ་པ་དང་ཧ་ལམ་མཚུངས་ཤིང་། མི་ཁྲི་5400ཙམ་གྱི་ལོ་གཅིག་གི་འཚོ་བའི་གློག་གི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད། འདི་ནི་ཟླ་6ཚེས་3ཉིན། ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་ཙི་ཀུའེ་རྫོང་ནས་པར་བརྒྱབ་པའི་འགག་གསུམ་ཆུ་རགས་དང་འགག་གསུམ་གློག་ཁང་གི་གློག་སྐུད་ཡིན་པ།