04

བོད་ལྗོངས་ཀྱིས་འཕྲལ་སྡོམ་ནང་སྦྱོང་བྱས་ནས་དཔོན་དམག་གི་ རོགས་སྐྱོབ་འཇོན་ཐང་ཆེ་རུ་བཏང་བ། 2024年06月04日

ཉེ་ཆར་དྲག་ཆས་ཉེན་རྟོག་སྐབས་བསྟུན་སྤྱི་ཁྱབ་རུ་ཁག་གཉིས་པའི་ཡན་ལག་རུ་ཁག་ཅིག་བོད་རང་སྐྱོང་ལྗོངས་ཀྱིས་སྒྲིག་འཛུགས་བྱས་པའི“འཕྲལ་སྡོམ་ལས་འགན·བོད་ལྗོངས་2024”ས་ཁོངས་མཉམ་སྦྲེལ་གྱི་ནང་སྦྱོང་ལ་ཞུགས་ནས་བོད་ཀྱི་གྲང་ངར་ཆེ་ཞིང་ས་བབ་མཐོ་བའི་ས་ཁུལ་དུ་ས་ཡོམ་བརྒྱབ་སྟེ་ས་ཁོངས་དེའི་ཁང་པ་བརྡིབས་པ་དང་། འགྲོ་ལམ་ཆད་པ། ཟམ་པར་གཏོར་སྐྱོན་ཕོག་པ་སོགས་ཀྱི་ལད་མོའི་སྦྱོང་བརྡར་བྱས་པ་རེད། ས་ཡོམ་བརྒྱབ་པའི་གནས་ཚུལ་འབྱོར་རྗེས། ཡན་ལག་རུ་ཁག་དེས་ལྷ་ས་ནས་འཕྲལ་སྡོམ་མྱུར་སྐྱོབ་ཀྱི་རྐང་འཛིན་སྟོབས་ཤུགས་མགྱོགས་མྱུར་བཏང་བ་དང་ཆབས་ཅིག་རྐོ་འདྲུའི་འཕྲུལ་འཁོར་དང་། ལྗིད་འདེགས་འཕྲུལ་འཁོར། ས་འབུད་འཕྲུལ་འཁོར་སོགས་མྱུར་སྐྱོབ་རོགས་སྐྱོབ་ཀྱི་དམག་འཐབ་གཙོ་བོའི་སྒྲིག་ཆས་ཆེ་གྲས་བཏང་ནས“གེགས་ཁུལ”དུ་རོགས་སྐྱོབ་བྱེད་པར་བསྐྱོད་དེ། གྲང་ངར་ཆེ་བའི་ཁོར་ཡུག་ཁྲོད་ཀྱི་རིག་ནུས་སྒྲིག་ཆས་ཀྱི་དམག་འཐབ་ནུས་པར་ཞིབ་དཔྱད་ནུས་ལྡན་བྱས་པ་དང་། གྲང་ངར་ཆེ་བའི་ཁོར་ཡུག་དང་རྙོག་འཛིང་ཆེ་བའི་ཆ་རྐྱེན་ཁྲོད་ཀྱི་འཐབ་འཛིང་ནུས་པར་སྦྱོང་བརྡར་བྱས་པ། དཔོན་དམག་གི་ཉེན་ཆེན་འཕྲལ་སྐྱོབ་དང་གེགས་ཆེན་རོགས་སྐྱོབ་ཀྱི་དམག་འཐབ་ལས་རྣམ་པར་རྒྱལ་ངེས་ཡིན་པའི་ཆོད་སེམས་ལ་ཞུན་བརྡར་བཏང་བ་རེད།

↑འདི་ནི་ཉིང་ལག་རུ་ཁག་དེའི་དཔོན་དམག་གིས“ས་ཡོམ་ཁྲོད་གཏོར་སྐྱོན་ཕོག་པའི་ཟམ་པ”ནུས་ཤུགས་ཡོད་རྒུས་མྱུར་བཟོ་བྱེད་བཞིན་པ།

← འདི་ནི་ཉིང་ལག་རུ་ཁག་དེའི་དཔོན་དམག་གིས་བཀག་རྡོ་དབོར་ནས“གེགས་རྐྱེན་འཕྲད་པའི་མི་སྣ”སྐྱོབ་པའི་གནས་ཚུལ་ཡིན་པ།