03

2024年06月04日

ད་ཕན་ལོ་ཤས་རིང་། ཀྲུང་གོ་དང་མ་ལེ་ཞི་ཡས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ནས་གྲངས་འཛིན་ལག་རྩལ་དང་ལྗང་མདོག་ནུས་རྒྱུ་སོགས་ཁྱབ་ཁོངས་མཉམ་ལས་ལ་ངོ་མཚར་གསར་པ་བཏོད་པ་དང་། མི་ཆོས་རིག་གནས་སྤེལ་རེས་ཉིན་བཞིན་ཇེ་ཟབ་ཏུ་ཕྱིན་ཏེ་རྒྱལ་ཁབ་གཉིས་པོས་མཉམ་ལས་འཕེལ་རྒྱས་ཀྱི་ལེའུ་གསར་པ་མཉམ་དུ་བཏོད་ཡོད་པ་རེད། ཏན་རུང་མཱ་ལིན་རླངས་འཁོར་ཚན་རྩལ་མཐོ་བའི་ཀུའེ་ཀུ་ནི་མ་ལེ་ཞི་ཡ་སྲིད་གཞུང་གིས་ཐུན་མོང་ཐོག་སྐུལ་འདེད་བཏང་བའི་གཙོ་གནད་རྣམ་གྲངས་ཤིག་རེད། དེའི་དམིགས་ཡུལ་ནི་གློག་སྒུལ་རླངས་འཁོར་དང་འབྲེལ་བ་ཡོད་པའི་ཁེ་ལས་དེ་གར་བཟོ་གྲྭ་བསྐྲུན་རྒྱུའི་ཡིད་དབང་བཀུག་ནས། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཁྲོམ་རའི་ཐོག་གི་གློག་སྒུལ་རླངས་འཁོར་དང་དེ་བཞིན་ལྷུ་ལག་ཆེ་ཆུང་གི་མཁོ་སྤྲོད་ལྟེ་གནས་ཧུར་ཐག་བཏོད་དེ་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱ་ཆེད་རེད། མིག་སྔར་ཀྲུང་གོ་དང་མ་ལེ་ཞི་ཡའི་ཐུན་མོང་འབད་བརྩོན་འོག“གྲངས་འཛིན་རིག་ནུས་གྲུ་ཁ”དང་། “ལྗང་མདོག་རིག་ལྡན་གློག་ཁང” “གྲངས་འཛིན་རིག་ནུས་མཁོ་སྤྲོད་འཁོར་འབྲེལ”སོགས་ཀྱི་རྣམ་གྲངས་རྒྱུན་ཆད་མེད་པར་དོན་འཁྱོལ་བྱེད་བཞིན་ཡོད་པ་རེད། འདི་ནི་ཀྲུང་གོ་དང་མ་ལེ་ཞི་ཡས་མཉམ་དུ་གཉེར་སྐྱོང་བྱས་པའི་མ་ལེ་ཞི་ཡའི་པའོ་ཐེང་རླངས་འཁོར་ཏན་རུང་མཱ་ལིན་བཟོ་གྲྭའི་ཟུར་ཞིག་ཡིན་པ།