03

ཅང་ཤིས་ཀན་ཀྲོའུ་ཡིས“ཁྱིམ་ཆས་དངོས་མང་སྟོན་ཚོགས”འཚོགས་ ནས་རྒྱལ་སྤྱིའི“གྲོགས་ཚོགས”ཆེ་རུ་བཏང་བ། 2024年06月04日

ཟླ་5ཚེས་28ཉིན་ནས་ཟླ་6ཚེས་3ཉིན་བར། ཀྲུང་གོ(ཀན་ཀྲོའུ)ཁྱིམ་ཆས་ཐོན་ལས་དངོས་མང་སྟོན་ཚོགས་སྐབས་11པ་ཀན་ཀྲོའུ་གྲོང་ཁྱེར་ནན་ཁང་ཆུས་སུ་གཉེར་ཞིང་། རྒྱལ་ཁབ་ཕྱི་ནང་གི་ཁྱིམ་ཆས་ཐོན་རྫས་ཁེ་ལས་70ལྷག་ཙམ་འགྲེམས་སྟོན་ལ་ཞུགས་པ་དང་། དབྱི་ཐ་ལི་དང་། སི་ཕེན། མ་ལེ་ཞི་ཡ་སོགས་རྒྱལ་ཁབ་11ནས་ཡོང་བའི་ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པ་བརྒྱ་ཙམ་འགྲེམས་སྟོན་ལ་ལྟ་བ་དང་ཆབས་ཅིག་གྲོས་མོལ་དང་ཉོ་སྒྲུབ་བྱེད་པར་ཡོང་ཡོད། གཞན་ཡང་ནན་ཁང་ཁྱིམ་ཆས་ཁེ་ལས་ཀྱིས་ད་དུང་རི་པིན་དང་། སིང་ཀ་ཕོར། ཧ་སག་སི་ཐན་སོགས་རྒྱལ་ཁབ་7གྱི་ཁེ་ལས་ཀྱི་འཐུས་མི་དང་ཕྱི་རྒྱལ་གྱི་ཉོ་སྒྲུབ་མངགས་ཐོའི་གྲོས་མཐུན་8བཞག་པར་མངགས་ཐོའི་དངུལ་འབོར་ཨ་སྒོར་ཁྲི་7200ཟིན་ཡོད། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར། ནན་ཁང་ཁྱིམ་ཆས་ཀྱི་ཕྱི་རྒྱལ་གྱི་མངགས་ཐོ་སྒོར་དུང་ཕྱུར་32ཟིན་ཡོད། ཉེ་བའི་ལོ་ཤས་རིང་ཀན་ཀྲོའུ་གྲོང་ཁྱེར་གྱིས་ཁྱིམ་ཆས་ཐོན་ལས་ཀྱི་ལེགས་ཆར་བརྟེན་ནས་ཕྱི་རྒྱལ་ཁྲོམ་རའི་ལས་སྒོ་རྒྱུན་མཐུད་རྒྱ་ཆེར་བཏང་བ་དང་། ཁེ་ཅའི་སྲོལ་རྒྱུན་ཤིང་བཟོའི་ལག་རྩལ་དང་ཁྱིམ་ཆས་རིག་གནས་དར་སྤེལ་ཧུར་ཐག་བཏང་བ་མ་ཟད། བཟོ་ལས་དྲ་སྦྲེལ་དང་མི་ཐབས་རིག་ནུས་སོགས་གྲངས་འཛིན་ཅན་གྱི་ལག་རྩལ་སྤྱད་དེ་ཁྱིམ་ཆས་བཟོ་སྐྲུན་ཐོན་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཀྱང་བཏང་ཡོད། འདི་ནི་ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་གྲོང་ཁྱེར་ནན་ཁང་ཆུས་ཁྱིམ་ཆས་གྲོང་རྡལ་ཆུང་ངུའི་ཁྱིམ་ཆས་མཛེས་རིག་ཁང་དུ་ཕྱི་རྒྱལ་གྱི་ཚོང་པས“ལེ་ཧྲེ་ཁྱིམ་རྒྱུད་ཀྱི་ལག་རྩལ”ལས་བཟོས་པའི་ཕོ་བྲང་རྙིང་པའི་དཔེ་དབྱིབས་ལ་ལྟ་བཞིན་པ།