ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁམ་ཕུ་ཁྲེའི་ཤིས་ཧཱ་ནུའུ་ཁེ་གྲོང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་དང་ཁམ་ཕུ་ཁྲེའི“གསེར་འབྲུག-2024”མཉམ་འབྲེལ་མཚོ་ཐོག་ནང་སྦྱོང་ཁམ་ཕུ་ཁྲེའི་ཤིས་ཧཱ་ནུའུ་ཁེ་གྲུ་ཁའི་ཉེ་འགྲམ་མཚོ་ཁོངས་སུ་བྱས་པ་རེད།
ད་ཐེངས་ཀྱི་ནང་སྦྱོང་དེ“འཇིགས་སྐུལ་ལ་ངོ་རྒོལ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་མཉམ་འབྲེལ་བྱ་སྤྱོད”བརྗོད་དོན་གཙོ་བོར་བྱས་ནས་མཚོ་ཐོག་གི་འཇིགས་སྐུལ་ལ་ངོ་རྒོལ་དང་བཙན་ཁྲིད་ལ་ངོ་རྒོལ་བྱེད་པའི་མཉམ་འབྲེལ་བྱ་སྤྱོད་ལ་དམིགས་ཏེ་མཉམ་དུ་བརྡ་ལན་ཞུ་བ་དང་། དཔུང་རུ་འཚོལ་ཞིབ། དྲག་པོའི་མྱུར་སྐྱོབ། མཚོ་ཐོག་རོགས་སྐྱོབ་སོགས་གཙོ་གནད་ནང་སྦྱོང་བྱས་པ་དང་ཀྲུང་གོ་དང་ཁམ་ཕུ་ཁྲེ་ཕྱོགས་གཉིས་ཀྱི་དམག་གྲུ་16ནང་སྦྱོང་ནང་ཞུགས་ཡོད་པ་རེད།