ཟླ་5ཚེས་31ཉིན། ཅི(ཧོ་ནན་ཞིང་ཆེན་ཅི་ཡོན་གྲོང་ཁྱེར)ཤིན(ཤིན་ཨན་རྫོང)རྨ་ཆུའི་ཟམ་ཆེན་གྱི་ཟམ་སྟོད་སྒྲིག་གཞིའི་ཨར་སྐྲུན་ལས་ཀ་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད། བཟོ་པ་ཚོས་གནས་སྐབས་ཨར་སྐྲུན་འགྲོ་ལམ་བསྐྲུན་ནས་རྗེས་མཐུད་ཟམ་ཆེན་གྱི་འདྲེན་ཐག་ཨ་མ་འཐེན་པར་གྲ་སྒྲིག་ཨང་གསར་བྱས་པ་རེད། ཅི་ཤིན་རྨ་ཆུའི་ཟམ་ཆེན་དེ་ཅི་ཡོན་གྲོང་ཁྱེར་དང་ཤིན་ཨན་རྫོང་གི་འབྲེལ་མཚམས་ཝང་ཝུའུ་ཧྲན་དང་ཏའེ་མེ་ཧྲན་འཛམ་གླིང་ས་གཤིས་སྤྱི་གླིང་དུ་གནས་པ་དང་དེ་ནི་ཅི་ཤིན་མྱུར་བགྲོད་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་ལྡན་པའི་ལས་གྲྭ་ཞིག་རེད།