02

ཤིན་ཅང་གི་དམིགས་བསལ་ཡུལ་སྐོར་དུས་ཆེན་འགོ་ཚུགས་པ། 2024年04月29日

ཟླ་4ཚེས་27ཉིན། 2024ལོའི་ཤིན་ཅང་གི་དམིགས་བསལ་ཡུལ་སྐོར་དུས་ཆེན་ཁེ་ལཱ་མཱ་དབྱི་གྲོང་ཁྱེར་དུ་འགོ་བརྩམས་པ་རེད། སྐབས་འདིའི་ཡུལ་སྐོར་དུས་ཆེན་གྱིས“ཐང་སྟོང་ཡུལ་སྐོར། ཤིན་ཅང་འཚོལ་ཞིབ”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཡོད། འགོ་ཚུགས་མཛད་སྒོ་གཉེར་ཡུལ་དུ་དམིགས་བསལ་ཡུལ་སྐོར་སྒྲིག་ཆས་འགྲེམས་སྟོན་དང་། མངོན་མིན་རིག་གནས་ཤུལ་བཞག་ཐོན་རྫས་ཀྱི་ཚོང་འདུས་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། ད་ལོར་ད་དུང་ཝུའུ་ལུའུ་མུའུ་ཆིའི་མར་སུན་འགྲན་རྒྱུག་དང་ཐཱ་ཁེ་ལཱ་མཱ་ཀན་སྐོར་བའི་ཤེད་ཤུགས་འགྲན་བསྡུར་སོགས་ཀྱི་འགྲན་བསྡུར་ཆེ་གྲས་བཅུ་གཉེར་ནས་ཡུལ་སྐོར་བས་འགྲན་བསྡུར་བྱེད་ཞོར་དུ་ཡུལ་སྐོར་གྱིས་ཤིན་ཅང་གི་ཡུལ་སྐོར་ཐོན་ལས་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད། འདི་ནི་ཉིན་དེའི་ཤིན་ཅང་གི་དམིགས་བསལ་ཡུལ་སྐོར་དུས་ཆེན་གྱི་དམིགས་བསལ་ཡུལ་སྐོར་སྒྲིག་ཆས་འགྲེམས་སྟོན་ཐོག་ཡུལ་སྐོར་བས་ཤེད་ཤུགས་འགྲན་བསྡུར་གྱི་རླངས་འཁོར་ལ་རྒྱུས་མངའ་བྱེད་བཞིན་པ།