འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། འདི་ལོའི་ཟླ་5པ་ནི“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བ”ཐེངས་བཞི་པ་ཡིན་ཞིང་། གསར་འགོད་པར་ཁྲིམས་འཛིན་པུའུ་ནས་ཤེས་རྟོགས་བྱུང་བར། ཁྲིམས་འཛིན་པུའུ་དང་རྒྱལ་ཡོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་གིས་གཙོ་གཉེར་བྱས་པའི་2024ལོའི་རྒྱལ་ཡོངས་ཀྱི་རིག་གནས་ཚན་རྩལ་འཕྲོད་བསྟེན“གཤམ་སྤེལ་གསུམ”(ཨན་ཧུའེ་ཞིང་ཆེན)གཅིག་སྡུད་དཔེ་སྟོན་བྱེད་སྒོ་དང“མཛེས་སྡུག་ལྡན་པའི་འཚོ་བ། དམངས་དོན་ཁྲིམས་གཞུང་དང་འགྲོགས”ཞེས་པའི་དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི་འགོ་ཚུགས་མཛད་སྒོ་ཉིན་ཤས་གོང་ཨན་ཧུའེ་ཞིང་ཆེན་ལིའུ་ཨན་གྲོང་ཁྱེར་ཡུས་ཨན་ཆུས་སུའུ་པུའུ་གྲོང་རྡལ་ནན་ལོའུ་གྲོང་ཚོར་འཚོགས་པ་རེད།
བྱེད་སྒོ་སྤེལ་རིང་། ཁྲིམས་འཛིན་པུའུ་དང་རྒྱལ་ཡོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་གིས་ཞིང་ཆེན་ཁག་གཅིག་གི“གྲོང་ཚོ(གྲོང་ལྷན)ཡི་བཅའ་ཁྲིམས་བློ་འདྲི་བ་གཅིག+བཅའ་ཁྲིམས་གསལ་ཤེས་པ་N”ཡི་བྱ་སྤྱོད་སྐུལ་འདེད་ཚོགས་འདུ་འཚོགས་ཤིང་། ཧོ་པེ་དང་། ཨན་ཧུའེ། ཅང་ཤིས། ཁྲུང་ཆིང་། ཀུའེ་ཀྲོའུ། མཚོ་སྔོན་སོགས་ཁྲིམས་འཛིན་ཐིང(ཅུས)གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་བྱ་སྤྱོད་སྤེལ་ཚུལ་ངོ་སྤྲོད་བྱས་པ་རེད།
(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། སྤེན་ཚེས་ཞུས)