《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年11月29日

བོད་ལྗོངས་ལྷ་སའི་ཞིབ་དཔྱོད་དཔོན་གྱིས་སློབ་གྲྭར“མངཌ་ཐོ་རྣམ་པའི”ཁྲིམས་ལུགས་ཁྱབ་གདལ་བཏང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི“དྲོ་སྐྱིད”ནར་མ་སོན་པའི་མིའི་ཞིབ་དཔྱོད་སྒྲོག་འགྲེལ་ཚོགས་པས་ནག་ཆུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་དང་མངའ་རིས་ཞིབ་དཔྱོད་ཡན་ལག་ཁང་དང་མཉམ་དུ་བཟོས་པའི《ཡུལ་གཞན་དུ་སློབ་སྦྱོང་བྱེད་མཁན་ན་སོ་དར་ལ་མ་བབས་པའི་མིར་ཁྲིམས་འཛིན་སྲུང་སྐྱོང་གི་ས་ཁོངས་སྒྲོལ་བའི་མཉམ་སྒྲུབ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར》ལ་བརྟེན་ནས་ལྷ་སར་ཡོད་པའི་མངའ་རིས་དང་ནག་ཆུའི་སློབ་གྲྭར་བསྐྱོད་དེ་སློབ་མའི་དགོས་མཁོ་དང་འབྲེལ་མཐུད་གནད་སྨིན་བྱས་ཏེ་རང་འགུལ་ངང་སློབ་གྲྭར་ཁྲིམས་ལུགས་ཁྱབ་གདལ་བཏང་ནས་ཡུལ་གཞན་དུ་སློབ་སྦྱོང་བྱེད་མཁན་སློབ་མར་ཁྲིམས་སྐྱོང་སློབ་གསོ་ཁྱོན་ཡོངས་ནས་ཁྱབ་པར་བྱས་ཡོད།

ལྷ་སར་ཡོད་པའི་མངའ་རིས་ས་ཁུལ་གྱི་སློབ་གྲྭ་2ཀྱི་དགོས་མཁོར་དམིགས་ཏེ། ཞིབ་དཔྱོད་དཔོན་གྱིས་སློབ་གྲྭའི་བརྙས་བཅོས་སྔོན་འགོག་བརྗོད་དོན་གཙོ་བོར་བྱས་ཏེ་ཆེད་དོན་གྱི་ཁྲིམས་ལུགས་ཁྱབ་གདལ་སློབ་ཚན་བཀོད་སྒྲིག་བྱས་པ་དང་། ལྷ་སར་ཡོད་པའི་ནག་ཆུ་གྲོང་ཁྱེར་གྱི་སློབ་གྲྭ་2ཀྱི་དགོས་མཁོར་དམིགས་ཏེ། ཞིབ་དཔྱོད་དཔོན་གྱིས་བཙན་གཡེམ་སྔོན་འགོག་བརྗོད་དོན་གཙོ་བོར་བྱས་ཏེ་ཆེད་དོན་གྱི་ཁྲིམས་ལུགས་ཁྱབ་གདལ་སློབ་ཚན་བཀོད་སྒྲིག་བྱས་ཡོད། གཞོན་ནུ་ལོ་ཆུང་གི་ལུས་སེམས་འཚར་ལོངས་ཀྱི་ཆོས་ཉིད་དང་ཟུང་འབྲེལ་གྱིས་སྒྲོག་འགྲེལ་བྱེད་སྐབས་སློབ་མས་གོ་བདེ་བ་དང་དང་ལེན་བྱེད་སླ་བའི་གཟུགས་པོའི་བདེ་འཇགས་ཀྱི་མཐའ་ཚད་དང་དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་ཀྱི་རྒྱུན་ཤེས་སྐོར་ཁ་གསལ་གོ་བདེས་འགྲེལ་བཤད་བརྒྱབ་པ་དང་། སློབ་མར་ཉེན་ཁའི་མངོན་མེད་རྐྱེན་ངན་དབྱེ་འབྱེད་གནད་སྨིན་དང་། བརྙས་བཅོས་ལ་འགོག་རྒོལ་དང་དེ་དང་རིང་དུ་གྱེས་པ། ཁྲིམས་འགལ་གྱི་གནོད་འཚེ་བློ་ཐག་ཆོད་པོས་འགོག་པ། ཚན་རིག་དང་མཐུན་པའི་རང་སྲུང་བྱེད་ཐབས་ཁོང་དུ་ཆུད་པ་བཅས་བྱེད་པར་ཁྲིད་སྟོན་གྱིས་སློབ་མར་རང་བཀུར་རང་གཅེས་དང་རང་བརྩི་རང་གཅུན་གྱི་འཚར་ལོངས་འདུ་ཤེས་ཆགས་པ་དང་། རང་ལུས་བདེ་འཇགས་དང་ལང་ཚོ་དར་དུས་ཀྱི་མཐའ་ཚད་སྲུང་རོགས་བྱས་ནས་ན་སོ་དར་ལ་མ་བབས་པའི་མིར་བདེ་འཇགས་སྲུང་བཅད་བརྟན་པོ་ཞིག་བསྐྲུན་པ་རེད།