འདི་ནི་ཟླ་11ཚེས་26ཉིན་ལག་རྩལ་མི་སྣས་ཞུང་ཨན་སྲུང་སྐརAITལྟེ་གནས་སུ་སྲུང་སྐར་ཉི་གཤོག་ལ་ཚོད་ལྟ་བྱེད་བཞིན་པ།
ཉེ་ཆར། ཞུང་ཨན་སྲུང་སྐརAIT(སྒྲིག་ཆས་ཨ་མ་དང་། འདུས་གྲུབ། ཚོད་ལྟ)ལྟེ་གནས་དངོས་སུ་སྤྱོད་འགོ་ཚུགས་པ་རེད། ལྟེ་གནས་དེ་ཞུང་ཨན་མཐོ་གསར་ཁུལ་གྱི་ཚན་རྩལ་གསར་གཏོད་ལྟེ་གནས་ཚོད་ལྟའི་རྟེན་གཞིར་ཡོད་པ་དང་། སྲུང་སྐར་མཉེན་གཤིས་ཐོན་སྐྱེད་བརྒྱུད་རིམ་དང་ཚོད་ལྟའི་ལྟེ་གནས་ལས་གྲུབ་ཅིང་། ཚོང་ལས་ཀྱི་འཇིག་རྟེན་འཕུར་སྐྱོད་ཁེ་ལས་ལ་སྲུང་སྐར་ཞིབ་སྤེལ་དང་ཚོད་བཟོ་ནས་འཕེན་གཏོང་མ་བྱས་གོང་གི་ཚོད་ལྟའི་བར་གྱི་གཅིག་འཐུས་རྣམ་པའི་ལག་རྩལ་ཞབས་ཞུ་མཁོ་འདོན་བྱེད་ཐུབ་ཀྱི་ཡོད།